ཀྲང་ཏི་ཅང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནེ་ཏི་ཨ་མན་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནེ་ཏི་ཨ་མན་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནེ་ཏི་ཨ་མན་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནེ་ཏི་ཨ་མན་ལ་མཇལ་འཕྲད་གནང་།

          ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་སུའེ་ཙེར་གཉིས་ཀྱི་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ཀྱི་མདུན་གྲས་སུ་བསླེབས་ཡོད་པས་གྲུབ་འབྲས་གཡུར་ཟ་བ་བླངས་ཡོད། སྐུ་ཞབས་ཀྲུའུ་ཞི་ལགས་ཀྱིས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་སུའེ་ཙེར་བར་གྱི་འབྲེལ་བའི་མ་འོང་བའི་འཕེལ་རྒྱས་ལ་ཇུས་གཞི་བཀོད་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། མཐོ་རིམ་གྱི་ལྟ་བ་དེ་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་ཏེ། ཀྲུང་གོ་དང་སུའེ་ཙེར་བར་གྱི་འབྲེལ་བ་རྒྱུན་མཐུད་དང་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། གསར་སྐྲུན་ལས་སྤེལ། ལས་རིགས་སློབ་གསོ་བཅས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱ་བའི་ཁྲོད་ནས་ཕན་ཚུན་ལ་དཔྱད་གཞིར་འཛིན་པ་དང་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་ས་གནས་བར་གྱི་མཉམ་ལས་རྒྱ་བསྐྱེད་པར་མཐུན་རྐྱེན་བསྐྲུན་དགོས་པར་མ་ཟད། སྔར་ལས་བཟང་བའི་ཁྲིམས་ལུགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཟེར།

ཧྲི་ནེ་ཏི་ཨ་མན་གྱིས་ཉེ་བའི་ལོ་འགའི་རིང་ལ། སུའེ་ཙེར་དང་ཀྲུང་གོ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པས། སུའེ་ཙེར་ཕྱོགས་དེར་ཡིད་ཚིམས་པ་ཡིན་ལ། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།