ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལྟར་དུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་དང་འཕེལ་ཕྱོགས་ཆེན་པོ་ཡིན་པས། རང་རྒྱལ་གྱི་དྲ་རྒྱའི་ཆ་འཕྲིན་ལས་དོན་གྱི་གོང་འཕེལ་གྱིས་འཕེལ་ཕྱོགས་ཆེན་པོ་འདི་ལ་བསྟུན་ནས། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་བྱེད་པའི་ཐད་ནས་སྔོན་ལ་སྐྱོད་པ་དང་། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། རང་རྒྱལ་གྱི་དྲ་རྒྱའི་ཆ་འཕྲིན་ལས་དོན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་འབྲེལ་དྲ་བར་རྒྱལ་ཁབ་དང་མི་དམངས་ལ་སྔར་ལས་བཟང་བའི་བདེ་སྐྱིད་སྐྲུན་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན།

         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་། ལིག་ཡུན་ཧྲན་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།

        ཞི་ཅིན་ཕེན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། ཁོང་གིས་ཐོག་མར་རང་རྒྱལ་གྱི་མཉམ་འབྲེལ་དྲ་རྒྱའི་ལས་དོན་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བ་གཟབ་ནན་སྒོས་སྤེལ་ནས། གོང་འཕེལ་དང་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་མཉམ་དུ། ཞན་ཆ་དང་གནད་དོན་ཡང་མི་ཉུང་བ་གནས་ཡོད་པས། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུ་བའི་དམིགས་ཡུལ་ནི། ཡུལ་དངོས་ནས་ཚང་མའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། བྱེད་ཐབས་དང་ཐབས་ལམ་ཁ་ཤས་ཐད་ནས་མཉམ་དུ་གྲོས་སྡུར་བྱས་ཏེ། ང་ཚོའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་ཕན་ཐོགས་འབྱུང་བར་བྱེད་རྒྱུ་དེ་ཡིན་ཞེས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཀུང་ཟིའི་སྤྱིའི་བཟོ་སྐྲུན་པ་ཝུའུ་མན་ཆིན་དང་། ཨན་ཐེན་ཚོད་ལྟ་ཁང་གི་དབུ་བཞུགས་ཇུས་འགོད་པ་ཞའོ་ཞིན་ཀོང་། ཨ་ལེ་པ་པ་སྡེ་ཚོགས་ཀྱི་ཏུང་ཧྲི་ཅུའུ་ཡི་ཀྲུའུ་ཞི་མཱ་ཡུན་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་བ་མངོན་འགྱུར་བྱེད་པ་དང་། ཆ་འཕྲིན་ཁྱབ་ཁོངས་ཀྱི་སྲོག་ཤིང་ལག་རྩལ་མ་ལག་མྱུར་དུ་འཛུགས་པ། མཉམ་འབྲེལ་དྲ་བའི་ཁེ་ལས་ཀྱི་རྒྱལ་ཁབ་ཀྱི་འགན་འཁྲི། དྲ་རྒྱའི་ཆ་འཕྲིན་གྱི་དམག་དམངས་མཉམ་འདྲེས་མངོན་འགྱུར་བྱེད་པ། སྨྱན་བྱེད་གསར་བས་ཐུན་མོང་ལྟ་བ་གཅིག་སྡུད་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཆ་འཕྲིན་ཐོན་ལས་འཕེལ་རྒྱས་དང་དྲ་རྒྱའི་བདེ་འཇགས་འགན་སྲུང་གི་རྨང་གཞིའི་གཞུང་ལུགས་དང་སྲོག་ཤིང་ལག་རྩལ་ཐད་ནས་བརྒལ་གཏོར་བྱེད་པ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལག་རྩལ་ནུས་པའི་འཛུགས་སྐྲུན་གྱི་གོང་རིམ་ཇུས་འགོད་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

         ཚང་མས་གཏམ་བཤད་པར་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། བློ་མཐུན་ཚོས་བཤད་པ་ཧ་ཅང་བཟང་། ཁྱེད་ཚོས་དེང་སྐབས་ཀྱི་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་གསར་བ་དང་འཕེལ་རྒྱས་གསར་བར་དབྱེ་ཞིབ་བྱས་པ་དང་། ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ལག་རྩལ་གསར་བའི་འཕེལ་ཕྱོགས་གསར་བ་མཚམས་སྦྱོར་བྱས་ཏེ། བསམ་འཆར་དང་གྲོས་གཞི་ཧ་ཅང་བཟང་བོ་བཏོན་པས་བློ་བསྐྱེད་ཆེན་པོ་བྱུང་སོང་། ཁྱེད་ཚོའི་གཏམ་བཤད་ཀྱིས་དངོས་གཉེར་གྱི་རྣམ་འགྱུར་དང་གསར་གཏོད་ཀྱི་སྙིང་སྟོབས། འགན་འཁྲིའི་འདུ་ཤེས་དྲག་པོ་བཅས་མཚོན་ཡོད་ལ། མཉམ་འབྲེལ་དྲ་རྒྱའི་ཁྱབ་ཁོངས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་ཆུ་ཚད་ཅུང་མཐོན་པོ་ཡང་མཚོན་ཡོད་པས། ང་ཚོའི་བྱ་བ་ལེགས་བཅོས་བྱེད་པར་ཕན་པ་ཡོད། འབྲེལ་ཡོད་སྡེ་ཁག་གིས་ཚང་མའི་བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་ནན་མོ་བྱས་ཏེ། བསྡུ་ལེན་བྱེད་ཐུབ་པ་ཚང་མ་བསྡུ་ལེན་བྱེད་ཅི་ཐུབ་བྱ་དགོས་ཟེར།

        ཞི་ཅིན་ཕེན་གྱིས་བསྟན་དོན། རང་རྒྱལ་ལ་དྲ་དམངས་དུང་ཕྱུར་བདུན་ཡོད་ལ། འདི་ནི་ཧ་ལས་དགོས་པའི་གྲངས་ཀ་ཞིག་ཡིན་ལ། ཧ་ལས་དགོས་པའི་གྲུབ་འབྲས་ཞིག་ཀྱང་ཡིན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་བར་སླེབས་ཡོད་པ་དང་། རྒྱུན་རྣམ་གསར་བར་སྒུལ་ཤུགས་གསར་བ་ཡོད་པས། མཉམ་འབྲེལ་དྲ་རྒྱས་འདིའི་ཕྱོགས་ནས་བྱ་བ་འབོར་ཆེན་བསྒྲུབ་ཆོག མཉམ་འབྲེལ་དྲ་རྒྱ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོས་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་གྱི་རྒྱུན་ལ་བརྟེན་ནས་ལག་རྩལ་གྱི་རྒྱུན་དང་མ་དངུལ་གྱི་རྒྱུན། འཇོན་མིའི་རྒྱུན། དངོས་རྫས་ཀྱི་རྒྱུན་བཅས་ལ་སྐུལ་ཁྲིད་བྱས་ཏེ། ཐོན་ཁུངས་སྒྲིག་སྦྱོར་ལེགས་སྒྱུར་བྱེད་པ་དང་རྒྱུ་རྐྱེན་ཚང་མའི་ཐོན་སྐྱེད་ཀྱི་ཚད་ཇེ་མཐོར་གཏོང་བར་ཡར་སྐུལ་བྱས་ནས། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་སྟངས་བསྒྱུར་བ། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཐད་ནུས་པ་བཟང་བོ་འདོན་དགོས་ཟེར།

         ཞི་ཅིན་ཕེན་གྱིས་དྲ་རྒྱའི་ཆ་འཕྲིན་ལས་དོན་གོང་འཕེལ་དུ་གཏོང་ན། ངེས་པར་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་དགོས་ཏེ། མི་དམངས་ཀྱི་རེ་སྒུག་དང་དགོས་མཁོར་བསྟུན་ནས། ཆ་འཕྲིན་ཅན་གྱི་ཞབས་ཞུ་མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་། ཉེར་སྤྱོད་མ་རྩ་ཇེ་དམའ་རུ་བཏང་སྟེ། མང་ཚོགས་ལ་བཀོལ་ཐུབ་པ་དང་བཀོལ་བདེ་བའི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མི་དམངས་དུང་ཕྱུར་མང་བོར་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཐད་ནས་ཐོབ་པའི་ཚོར་སྣང་སྔར་ལས་མང་བོ་ཡོད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

         ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དྲ་རྒྱའི་བར་སྟོང་ནི་མང་ཚོགས་དུང་ཕྱུར་མང་བོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན། དྲ་རྒྱའི་བར་སྟོང་དང་མཁའ་དབུགས་གཙང་ཞིང་སྐྱེ་ཁམས་བཟང་བ་དེ་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། དྲ་རྒྱའི་བར་སྟོང་གི་མཁའ་དབུགས་བཙོག་ཅིང་སྐྱེ་ཁམས་སྡུག་པ་དེ་མི་དམངས་ཀྱི་ཁེ་ཕན་དང་མི་མཐུན་པས། ང་ཚོས་སྤྱི་ཚོགས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ཁྲིམས་ལྟར་དྲ་རྒྱའི་བར་སྟོང་གི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་ནང་དོན་གསར་སྐྲུན་ལ་ཤུགས་སྟོན་པ། དྲ་ཐོག་གི་དྲང་ཕྱོགས་དྲིལ་སྒྲོག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱ་ཆེའི་དྲ་དམངས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ལ་དག་གཙང་གི་དྲ་རྒྱའི་བར་སྟོང་ཞིག་སྐྲུན་དགོས་ཟེར།

         མཱ་ཁའེ་དང་ཝང་ཧུའུ་ཉིན། ལིག་ཆི་པའོ། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི། ཀྲིག་ཞའོ་ཁྲོན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

         ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུང་དབྱང་གསར་འགྱུར་ལས་ཁུངས་དང་ཀྲུང་དབྱང་གསར་འགྱུར་དྲ་ཚིགས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཆེད་མཁས་པ། དྲ་རྒྱའི་ཆ་འཕྲིན་ཁེ་ལས་ཀྱི་འགན་ཁུར་བ་ཁ་ཤས་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།