ཞི་ཅིན་ཕེན་གྱིས་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བྱ་བར་གཟིགས་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱིའི་བཀོད་འདོམས་པ་ཞི་ཅིན་ཕེན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་མཛད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། དམག་དོན་ཨུ་ཡོན་ལྷན་ཁང་དང་འཐབ་ཁུལ་གྱི་རིམ་པ་གཉིས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱིའི་བཀོད་འདོམས་པ་ཞི་ཅིན་ཕེན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་མཛད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། དམག་དོན་ཨུ་ཡོན་ལྷན་ཁང་དང་འཐབ་ཁུལ་གྱི་རིམ་པ་གཉིས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱིའི་བཀོད་འདོམས་པ་ཞི་ཅིན་ཕེན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་མཛད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། དམག་དོན་ཨུ་ཡོན་ལྷན་ཁང་དང་འཐབ་ཁུལ་གྱི་རིམ་པ་གཉིས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གྱིས་སྣེ་ཁྲིད་དེ། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། དམག་འཐབ་ལ་ཞིབ་འཇུག་དང་བཀོད་འདོམས་བྱེད་པའི་སྲོག་ཤིང་གི་འགན་ནུས་ལ་དམིགས་ནས། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་ལྟ་བ་གསར་སྒྱུར། གསར་སྤེལ་གསར་གཏོད། དཀའ་ངལ་ཁྱད་སེལ་བཅས་བྱས་ཏེ་མཐའ་གཅིག་ཏུ་བློ་དཀར་བ་དང་། དམག་འཐབ་ལ་མཁས་པ། བཀོད་འདོམས་ལ་ཕན་ནུས་ལྡན་པ། འཐབ་ན་ངེས་པར་དུ་རྒྱལ་བ་བཅས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ་དང་། རྒྱུན་ལྡན་གྱི་དམག་འཐབ་གྲ་སྒྲིག་དང་དམག་འཁྲུག་སྐབས་ཀྱི་འཕྲལ་བསྟུན་གཉིས་གཅིག་ཏུ་འབྲེལ་ཞིང་། རྒྱུན་རྣམ་ཅན་དུ་འཁོར་སྐྱོད་བྱེད་ལ། ཕན་ནུས་མཐོ་བའི་འཐབ་ཇུས་གཡུལ་འགྱེད་བཀོད་འདོམས་མ་ལག་བཙུགས་ནས། ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཟེར།

སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཞི་ཅིན་ཕེན་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་ཐོག་ཁང་ཆེན་མོར་ཕེབས་ནས། ལྟེ་གནས་ཀྱི་འབྲེལ་ཡོད་བློ་མཐུན་ལ་བརྩེ་བའི་མཇལ་འཕྲད་གནང་བ་དང་། ཚང་མ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།

          བཀོད་འདོམས་ལྟེ་གནས་སུ། དམག་ལྭ་རིགས་སྣ་ཚོགས་གྱོན་པའི་ལས་རེས་མི་སྣས་བཀོད་འདོམས་ཀྱི་གོ་རིམ་ལྟར་དུ་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་བཞིན་ཡོད་ལ། ཞི་ཅིན་ཕེན་གྱི་ཁོ་ཚོའི་བྱ་བར་གཟིགས་ཞིབ་མཛད་པ་དང་། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་འབྲེལ་ཡོད་ཕྱོགས་ཀྱི་དུས་རིམ་ཞིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ལས་རེས་མི་སྣས་གློ་བུར་དུ་བྱུང་བའི་གནས་ཚུལ་སྣ་ཚོགས་ཕན་ནུས་ལྡན་པར་ཐག་བཅད་དེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་ཐུགས་རེ་བཏོན།

          དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕེན་སྤྱིའི་བཀོད་འདོམས་པའི་བཞུགས་གནས་སུ་བསྡད་དེ། དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པ་མ་ཟད། བརྙན་རིས་བརྒྱུད་དེ་འཐབ་ཁུལ་ལྔའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་མཛད། དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་།

          ཞི་ཅིན་ཕེན་གྱིས་བསྟན་དོན། དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་འཐུས་ཚང་དུ་འཛུགས་པ་ནི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། དམག་དོན་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་བཀོད་འདོམས་བྱེད་ནུས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། དེང་སྐབས་དམག་འཐབ་བཀོད་འདོམས་ཀྱི་འཐབ་ཇུས་རང་བཞིན་དང་མཉམ་འབྲེལ་རང་བཞིན། དུས་ཆོད་རང་བཞིན། ཆེད་ལས་རང་བཞིན། གནད་ཁེལ་རང་བཞིན་བཅས་ཀྱི་རེ་བ་ཇེ་མཐོ་ནས་ཇེ་མཐོ་ཡིན་པས། ཚད་མཐའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཚབས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་ཁུར་ལྕི་མོ་ཕྲག་ཏུ་ལེན་པ། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་དགོས་མཁོར་བསྟུན་པ། འཛམ་གླིང་གི་དམག་དོན་གསར་བརྗེ་གསར་བའི་རླབས་རྒྱུན་དང་བསྟུན་པ། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་དང་བཀོལ་སྤྱོད་བཟང་བོ་བྱེད་པ་བཅས་བྱས་ཏེ། ཆ་འཕྲིན་ཅན་གྱི་དམག་འཁྲུག་ལས་རྒྱལ་བ་དང་ལས་འགན་འགན་འཁྲི་ཕན་ནུས་ལྡན་པར་ལག་བསྟར་བྱེད་ཐུབ་པར་འཚམ་པའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་ཧུར་ཐག་གིས་འཛུགས་དགོས་ཟེར།

          ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱིས་དམག་འཐབ་བཀོད་འདོམས་གྱི་ནུས་པ་ཇེ་མཐོར་གཏོང་རྒྱུ་དེ་ཡོད་ཚད་ཀྱི་རྩ་བའི་དམིགས་འབེན་དུ་བརྩི་བ་དང་། དམག་འཁྲུག་རྒྱག་ཐུབ་པ་དང་དམག་འཁྲུག་ལས་རྒྱལ་བ་དེ་ཡོད་ཚད་ཀྱི་རྩ་བའི་ཚད་གཞི་རུ་བཟུང་ནས། མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཀྱི་འགལ་བ་དང་གནད་དོན་ཐག་གཅོད་དགོས། མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་གི་བཅོས་སྒྱུར་ལ་བསྟུན་ནས། མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཀྱི་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱུན་ལྡན་གྱི་ཚད་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མི་སྣ་སྐྱེད་སྲིང་བྱེད་དགོས། བཅོས་སྒྱུར་གྱི་རེ་བར་བསྟུན་ནས། ཚན་རིག་ཆ་སྡེབས་ཀྱི་མཉམ་འབྲེལ་དམག་འཐབ་ཀྱི་ཁྲིམས་སྲོལ་མ་ལག་མྱུར་དུ་ཆགས་པར་བྱེད་དགོས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།