ཞི་ཅིན་ཕེན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཟླ4བའི་ཚེས24ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ4བའི་ཚེས24ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་ལིག་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་ཧྭ་ཧྲི་ཞང་ཏ་ཝན་སྡེ་བ་ནས་སྡེ་མི་རྣམས་ལ་དབུལ་ཐར་བྱ་བའི་གནས་ཚུལ་གྱི་སྐོར་འདྲི་བཞིན་པའི་ཚུལ་རེད།

ཟླ4བའི་ཚེས24ཉིན་ནས་ཚེས27ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ4བའི་ཚེས24ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་ལིག་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་ཧྭ་ཧྲི་ཞང་ཏ་ཝན་སྡེ་བ་ནས་སྡེ་མི་རྣམས་ལ་དབུལ་ཐར་བྱ་བའི་གནས་ཚུལ་གྱི་སྐོར་འདྲི་བཞིན་པའི་ཚུལ་རེད།

འདི་ནི་ཟླ4བའི་ཚེས27ཉིན། ཞི་ཅིན་ཕེན་གྱིས་ལིག་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་དམར་དམག་ཐང་ཆེན་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་མཆོད་རྟེན་ལ་མཇལ་བའི་ཚུལ་རེད།

འདི་ནི་ཟླ4བའི་ཚེས27ཉིན། ཞི་ཅིན་ཕེན་གྱིས་ལིག་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་དམར་དམག་ཐང་ཆེན་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་མཆོད་རྟེན་ལ་མཇལ་བའི་ཚུལ་རེད།

འདི་ནི་ཟླ4བའི་ཚེས26ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་དཔེ་མཛོད་ཁང་ནས་རང་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

འདི་ནི་ཟླ4བའི་ཚེས26ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་དཔེ་མཛོད་ཁང་ནས་རང་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་ཨན་ཧོས་ནས་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱས་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་ལག་ལེན་ཐད་བཏོན་པའི་རེ་བ་གསར་བ་མཚོན་ཡོད་ལ། མི་དམངས་ཀྱི་འདོད་བློ་དང་སྤྱི་ཚོགས་ཀྱི་རེ་འདོད་མཚོན་ཡོད་པ་དང་། དེ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་པ་ལྟར། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་ཟབ་མོ་བྱས་ཏེ། རང་སྟེང་གི་ཁྱད་སྟོབས་ལ་རྐང་འཛུགས་པ་དང་། བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་པ། ལམ་གསར་བ་ཞིག་ཧུར་ཐག་གིས་གཏོད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཟེར།

        ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཞི་ཅིན་ཕེན་གྱིས་ཨན་ཧོས་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཕེའོ་ཅུན་དང་། ཧྲིན་ཀྲང་ལིས་ཅིན་པེན་གཉིས་དང་མཉམ་དུ། ལིག་ཨན་དང་ཁྲུའུ་ཀྲིག ཧི་ཧྥེ་སོགས་ས་ཁུལ་གྱི་ཞིང་སྡེ་དང་ཁེ་ལས། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་རིག་གནས་ལས་ཁུངས་བཅས་སུ་ཕེབས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་དངོས་འབེབས་བྱེད་པའི་ཐད་ནས་རྟོག་ཞིབ་མཛད།

        ལིག་ཨན་གྲོང་ཁྱེར་ཅིན་ཀྲའི་རྫོང་ནི་ཀྲུང་གོའི་གསར་བརྗེར་ཇུས་འགོད་བྱེད་ས་གལ་ཆེན་ཡིན་པ་དང་མི་དམངས་དམག་དཔུང་གི་འབྱུང་ཡུལ་གལ་ཆེན་རེད། ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ཧི་ཧྥེ་ནས་གནམ་གྲུ་ལས་བབས་མ་ཐག དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་རིང་ལ་རླངས་འཁོར་དུ་བཞུགས་ཏེ་ཅིན་ཀྲའེ་རྫོང་དམར་དམག་ཐང་ཆེན་དུ་ཕེབས་ནས། ཅིན་ཀྲའེ་རྫོང་གི་དམར་དམག་དྲན་གསོ་ཁང་ལ་མཇལ་བ་དང་། ཅིན་ཀྲའེ་རྫོང་གི་གསར་བརྗེ་རྟེན་མཛོད་ཁང་ལ་གཟིགས་སྐོར་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཅིན་ཀྲའེ་མི་དམངས་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་བཅངས་ཏེ་ཀྲུང་གོའི་གསར་བརྗེའི་ལས་དོན་ཐད་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་པ་དང་། ང་ཚོས་གསར་བརྗེའི་སྔོན་རབས་པའི་ཞབས་རྗེས་སྙེག་ནས་གོམས་སྲོལ་བཟང་བོ་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱེད་དགོས་ཟེར།

        ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཅིན་ཀྲའེ་རྫོང་ཧྭ་ཧྲི་ཞང་ཏ་ཝན་སྡེ་བར་སོང་ནས་དབུལ་ཐར་བྱ་བར་རྟོག་ཞིབ་མཛད། དབུལ་ཕོངས་ཁྱིམ་ཚང་ཁྲིན་ཙིག་ཕེན་དང་ཧང་ནུན་པའོ། ཝང་ཏ་ཝེ། ཝང་ཏ་ཁའེ། ཁྲིན་ཙིག་ཧྲིན་བཅས་ཀྱི་ཁྱིམ་ནས། ཞི་ཅིན་ཕེན་གྱིས་སྡོད་ཁང་དང་ཁྱིམ་གྱི་ཅ་ལག་ལ་གཟིགས་ཞིབ་མཛད་པ་དང་། དབུལ་ཕོངས་ཀྱི་རྒྱུ་རྐྱེན་དང་དབུལ་ཕོངས་ཀྱི་ཚད་རིམ་ལ་རྒྱུས་ལོན་མཛད་པ་མ་ཟད། དབུལ་ཕོངས་ལག་དེབ་ལ་གཟིགས་ཏེ་དབུལ་ཐར་བྱེད་ཐབས་གང་དག་སྤྱད་པ་དང་ཇི་ལྟར་དངོས་འབེབས་བྱེད་པར་རྒྱུས་ལོན་མཛད། ཞི་ཅིན་ཕེན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་དེ་དཀའ་གནད་སེལ་བའི་མཆོང་སྐྱོད་ཀྱི་དུས་རིམ་དུ་སླེབས་ཡོད་པས། ངེས་པར་དུ་ཆོད་སེམས་བརྟན་པོས་དམ་འཛིན་བྱེད་དགོས། དམིགས་འབེན་དང་ལས་འགན་ཇེ་དྲག་ཏུ་གཏོང་བ་དང་། གནད་ཕིགས་དབུལ་སྐྱོར་རྒྱུན་འཁྱོངས་བྱས་ཏེ། ལས་གཞི་རེ་རེ་དང་བྱེད་ཐབས་རེ་རེ་གཟབ་ནན་སྒོས་དངོས་འབེབས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་ནས། འགུལ་སྐྱོད་དངོས་ལས་མི་དམངས་ལ་བཞག་པའི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར།

        ཚེས་ཉེར་དྲུག་ཉིན། ཞི་ཅིན་ཕེན་གྱིས་ཧི་ཧྥེ་ནས་ཀྲུང་གོ་ཚན་རྩལ་སློབ་ཆེན་དང་ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་སྔོན་ཐོན་ལག་རྩལ་ཞིབ་འཇུག་ཁང་གི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཀྲུང་གོ་ཚན་རྩལ་སློབ་ཆེན་གྱིས་གསར་གཏོད་བྱེད་ཕོད་པ་དང་མཆོང་སྐྱོད་བྱེད་ཕོད་པ། རྩེ་གྲས་སུ་སླེབས་པར་བྱེད་པ་བཅས་བྱས་ཏེ། འཇོན་མི་སྐྱེད་སྲིང་དང་གསར་གཏོད་ཁྱབ་ཁོངས་ནས་དགའ་འོས་པའི་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ཏེ། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

        རྟོག་ཞིབ་བྱེད་སྐབས། ཞི་ཅིན་ཕེན་གྱིས་ཨན་ཧོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུར་ཉན་ནས། ཨན་ཧོས་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཨན་ཧོས་ཞིང་ཆེན་གྱིས་བསམ་བློ་བཅིངས་འགྲོལ་དང་དངོས་འཛིན་དངོས་སྒྲུབ། གསར་སྤེལ་གསར་གཏོད་བཅས་བྱས་ཏེ། དབུས་ཕྱོགས་ནས་ལམ་གསར་བ་ཞིག་གཏོད་པ་དང་མཛེས་སྡུག་གི་མདུན་ལྗོངས་སྐྲུན་དགོས་པའི་ཐུགས་རེ་བཏོན།

        ཞི་ཅིན་ཕེན་གྱིས་བསྟན་དོན། སྤྱིའི་དགོས་མཁོ་འོས་འཚམ་སྒོས་རྒྱ་བསྐྱེད་པ་དང་མཉམ་དུ། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་ཧུར་ཐག་གིས་ཤུགས་སྣོན་པ་ནི། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཡིན་པ་དང་གནད་སའི་བྱ་བའི་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཡིན་པས། ས་ཁུལ་སོ་སོས་རང་སྟེང་གི་དོན་དངོས་ལ་ཟུང་སྦྲེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱས་ཏེ། ད་ཡོད་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ད་ཡོད་ཀྱི་མཁོ་འདོན་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཐོན་རྫས་དང་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་བྱེད་པ་བཅས་བྱས་ཏེ། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་སྐྱེད་སྲིང་བྱེད་དགོས་པ་དང་། ཐོན་རྫས་གསར་བ་དང་ཞབས་ཞུ་གསར་བ་འདོན་སྤྲོད་བྱེད་དགོས་ཟེར།

        ཞི་ཅིན་ཕེན་གྱིས་བསྟན་དོན། གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་གྱི་དོན་ཆེན་ཞིག་ཡིན་པས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་རྩ་འཛུགས་ནན་མོ་དང་སྐུལ་སྤེལ་ནན་མོ་བྱས་ཏེ། ཕན་འབྲས་ངོ་མ་ཐོབ་པར་ཁག་ཐེག་བྱེད་དགོས། གཉིས་སློབ་གཅིག་བྱེད་ཀྱི་རྨང་གཞི་ནི་སློབ་སྦྱོང་ཡིན་པས། ཐོག་མར་ཏང་གི་སྒྲིག་ཡིག་སློབ་སྦྱོང་བཟང་བོ་བྱེད་དགོས། ཏང་གི་སྒྲིག་ཡིག་ནི་ཏང་གི་གཞི་རྩའི་བཅའ་ཁྲིམས་ཆེན་པོ་ཡིན་ལ། ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་བསྲུང་བྱ་ཡིན་པ་དང་། ཏང་ཡོན་ཡོངས་ཀྱི་གཏམ་སྦྱོར་གྱི་སྤྱིའི་སྒྲིག་ལམ་དང་སྤྱིའི་བསྲུང་བྱ་ཡང་ཡིན། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆུ་ཚད་ཀྱིས་ཏང་ཡོན་དཔུང་སྡེའི་ཏང་གཤིས་བློ་སྦྱོང་གི་ཆུ་ཚད་མཚོན་ཡོད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་གི་ནུས་པའི་ཆུ་ཚད་མཚོན་ཡོད་ལ། ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ཆུ་ཚད་མཚོན་ཡོད་པས། མཐོ་རིམ་ལས་བྱེད་པ་དང་ཏང་ཡོན་ཕལ་བ་སུ་ཡིན་རུང་ཚད་ལྡན་གྱི་ཏང་ཡོན་ཞིག་བྱ་ན། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་རེ་བ་དང་བོ་ཡིན་ཟེར།

        ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་རྟོག་ཞིབ་བྱེད་པར་ཞུགས།

        རྟོག་ཞིབ་བྱེད་སྐབས། ཞི་ཅིན་ཕེན་གྱིས་ཧི་ཧེ་ནས་ས་དེའི་བཅའ་སྡོད་དམག་དཔུང་གི་ཁྲི་དཔོན་ཡན་གྱི་ལས་བྱེད་པ་དང་འཐབ་འཛིང་མདའ་ཤོག་ལས་ཁུངས་ཀྱི་དཔོན་རིགས་གཙོ་བོར་བརྩེ་བའི་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ས་དེའི་བཅའ་སྡོད་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།