ཞི་ཅིན་ཕེན་གྱིས་ཤེས་ཡོན་ཅན་དང་ངལ་རྩོལ་དཔེ་ལེགས་པ། ན་གཞོན་བཅས་ཀྱི་འཐུས་མི་དང་བཞུགས་མོལ་མཛད།

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨན་ཧོས་ཧི་ཧྥེ་ནས་མགོ་འཛིན་མཛད་དེ་ཤེས་ཡོན་ཅན་དང་ངལ་རྩོལ་དཔེ་ལེགས་པ། ན་གཞོན་བཅས་ཀྱི་འཐུས་མི་དང་བཞུགས་མོལ་མཛད་སྐབས་གསུང་བཤད་གལ་ཆེན་གནང་།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་ཨན་ཧོས་ཧི་ཧྥེ་ནས་མགོ་འཛིན་མཛད་དེ་ཤེས་ཡོན་ཅན་དང་ངལ་རྩོལ་དཔེ་ལེགས་པ། ན་གཞོན་བཅས་ཀྱི་འཐུས་མི་དང་བཞུགས་མོལ་མཛད་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཤེས་བྱར་བརྟེན་དགོས་ལ། ངེས་པར་དུ་ངལ་རྩོལ་ལ་བརྟེན་དགོས་པ་དང་། ངེས་པར་དུ་རྒྱ་ཆེའི་ན་གཞོན་ལ་བརྟེན་དགོས་པས། རྒྱ་ཆེའི་ཤེས་ཡོན་ཅན་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་ན་གཞོན་བཅས་ཀྱིས་དུས་རབས་ཀྱི་རྗེས་སུ་འབྲངས་པ་དང་། ལས་འགན་ཕྲག་དུ་འཁུར་བ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་སྦྲེལ་ཏེ། ཐུན་མོང་གི་ཕུགས་བསམ་དང་དམིགས་འབེན་མངོན་འགྱུར་བྱེད་པར་ཧུར་ཐག་སྒོས་མཐུན་སྒྲིལ་དང་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་གསུངས།

        ཞི་ཅིན་ཕེན་གྱི་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཤེས་ཡོན་ཅན་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་ན་གཞོན་བཅས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། ལྔ་བཞི་ན་གཞོན་དུས་ཆེན་བཅས་ཀྱི་འཚམས་འདྲི་ཞུས།

        ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཞི་ཅིན་ཕེན་གྱིས་ཨན་ཧོས་ཞིང་ཆེན་དུ་གཟིགས་ཞིབ་མཛད་སྐབས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཨན་ཧོས་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཤེས་ཡོན་ཅན་དང་ངལ་རྩོལ་དཔེ་ལེགས་པ། ན་གཞོན་བཅས་ཀྱི་འཐུས་མི་བདུན་ཅུ་ལྷག་དང་བཞུགས་མོལ་མཛད།

       བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་ཚན་རྩལ་སློབ་གྲྭ་ཆེན་མོའི་རྒྱུན་ལས་སློབ་གཙོ་གཞོན་པ་ཕན་ཅན་བེ་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཀུང་ཟི་ཞིབ་འཇུག་ཁང་སོ་དྲུག་གི་མཐོ་རིམ་བཟོ་སྐྲུན་པ་དབྱང་ཞའོ་ཉིག ཨན་ཧོས་ཨེ་ཁི་ལན་ཁོར་ཡུག་སྲུང་སྐྱོབ་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ལིག་དབྱི་སོགས་ཀྱིས་རང་ཉིད་ཀྱི་སློབ་སྦྱོང་དང་བྱ་བར་ཟུང་འབྲེལ་བྱས་ནས། ཚན་རྩལ་གསར་གཏོད་དང་ངལ་རྩོལ་ལས་སྐྲུན། བྱས་རྗེས་འབུལ་བ་བཅས་ནང་དོན་གཙོ་བོར་དམིགས་ཏེ་རང་གི་མྱོང་ཚོར་གླེང་བ་དང་གྲོས་གཞི་བཏོན། ཞི་ཅིན་ཕེན་གྱིས་ཁོ་ཚོའི་གཏམ་བཤད་ལ་ཞིབ་ཏུ་ཉན་པ་དང་། འབྲེལ་ཡོད་གནས་ཚུལ་དྲིས་ནས་ཁོ་ཚོ་དང་བཞུགས་མོལ་མཛད།

        ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཧ་ཅང་རླབས་ཆེན་དང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པས། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ལ། རྒྱུ་རྐྱེན་བཟང་བོ་མཐའ་དག་སྐུལ་སློང་བྱེད་དགོས། ཤེས་ཡོན་ཅན་ནི་བཟོ་བའི་གྲལ་རིམ་གྱི་ཁག་གཅིག་ཡིན་ལ། ངལ་རྩོལ་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ་དང་། ན་གཞོན་ནི་རྒྱལ་ཁབ་ཀྱི་མ་འོང་བ་དང་མི་རིགས་ཀྱི་རེ་བ་ཡིན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་བཟང་བོ་མངོན་འགྱུར་བྱེད་དགོས་ན། རྒྱ་ཆེའི་ཤེས་ཡོན་ཅན་གྱིས་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ལས་འགན་ཕྲག་ཏུ་འཁུར་བ་དང་། གསར་གཏོད་བྱེད་ཕོད་པ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ། ཤེས་ལྡན་མི་སྣའི་རྒྱབ་རྟེན་དང་རིག་སྟོབས་ཀྱི་རྒྱབ་རྟེན། གསར་གཏོད་ཀྱི་རྒྱབ་རྟེན་བཅས་རྒྱུན་ཆད་མེད་པར་འདོན་སྤྲོད་བྱེད་དགོས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་མིག་དཔེར་བཟུང་སྟེ། ལས་གནས་ལ་དགའ་བ་དང་། ཧུར་ཐག་སྒོས་བྱ་བ་སྒྲུབ་པ། གསར་སྐྲུན་བྱེད་ཕོད་པ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། དུས་རབས་གསར་བའི་ངལ་རྩོལ་པའི་བྱས་རྗེས་རྒྱུན་ཆད་མེད་པར་བསྐྲུན་དགོས་པ་དང་། རྒྱ་ཆེའི་ན་གཞོན་གྱིས་སྤྲོ་སེམས་དང་ཕུགས་བསམ་དམ་པོར་བཅངས་ནས། དངོས་སྒྲུབ་དངོས་གཉེར་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། ལང་ཚོ་འབུལ་བའི་བྱས་རྗེས་རྒྱུན་ཆད་མེད་པར་བསྐྲུན་དགོས་ཟེར།

       ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ན་གཞོན་ལ་ཡིད་ཆེས་གང་ལེགས་བྱེད་པ་དང་། ན་གཞོན་ལ་སེམས་ཁུར་བྱེད་པ། ན་གཞོན་ལ་རེ་བ་ནན་མོ་བཅངས་པ། ན་གཞོན་ལ་ཧུར་ཐག་སྒོས་ཁྲིད་སྟོན་བྱེད་པ་བཅས་བྱས་ནས། རྒྱ་ཆེའི་ན་གཞོན་འཚར་ལོངས་འབྱུང་བ་དང་ཤེས་ལྡན་མི་སྣར་འགྱུར་བར་བྱེད་པ་དང་། གསར་གཏོད་གསར་སྐྲུན་བྱེད་པ། བྱས་རྗེས་འབུལ་བ་བཅས་ཐད་ཀྱི་ཞབས་ཞུ་དང་འགན་སྲུང་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། 

       ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཨན་ཧོས་ཞིང་ཆེན་དང་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།