ལིས་ཁི་ཆང་གིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་།

 

        ལིས་ཁི་ཆང་གིས་གསུངས་རྒྱུར། ཡུན་རིང་དང་བདེ་བླག་བརྟན་འཇགས་བཅས་ཀྱི་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་འཛམ་གླིང་གི་བརྟན་འཇགས་དང་འཕེལ་རྒྱས་ལའང་ཕན་པ་ཡོད། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བར་བར་ཆད་བྱུང་བ་དང་། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རྨང་གཞི་སྔར་བཞིན་ཞན་པས། ཕྱོགས་གཉིས་ཀྱིས་འགན་ཁུར་བསམ་པ་བཅངས་ཏེ་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ཚོད་འཛིན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། མ་འོང་བར་ཁ་ཕྱོགས་པའི་དགོངས་དོན་ལྟར་འཇར་པན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་གྱི་ལམ་དུ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

       ལིས་ཁི་ཆང་གིས་འཇར་པན་ཕྱོགས་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཞི་བའི་ངང་འཕེལ་རྒྱས་སུ་སོང་བ་དེ་འཇར་པན་ལ་མཚོན་ན་གོ་སྐབས་ཤིིག་ཡིན་པའི་བསམ་བློ་དེ་བྱ་སྤྱོད་སྟེང་ལག་བསྟར་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་བཟང་བོ་དངོས་སུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དཀའ་སྤྱད་མང་པོ་བརྒྱུད་དེ་གྲོས་འཆམ་བྱུང་བའི་ཆབ་སྲིད་ཡིག་ཆ་བཞིར་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཞི་རྩའི་ཤུགས་རྐྱེན་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་ཐག་གཅོད་བཟང་བོ་བྱས་ཏེ། ཀྲུང་གོ་དང་འཇར་པན་གཉིས་བར་གྱི་གྲོས་མོལ་མཉམ་ལས་ལམ་ལུགས་རིམ་བཞིན་སླར་གསོ་བྱེད་པ་དང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་བྱ་འགུལ་སྤེལ་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས་པར་མ་ཟད། རྒྱལ་དམངས་བར་གྱི་བརྩེ་དུང་ཇེ་དམ་དུ་གཏོང་བ་དང་དམངས་ཁྲོད་བར་གྱི་ཡིད་ཆེས་དང་རྒྱུས་ལོན་ཇེ་དམ་དུ་གཏོང་བར་དོན་དག་མང་པོ་སྒྲུབ་དགོས་པའི་རེ་བ་བཏོན།

        ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གཉིས་ཀྱི་དཔལ་འབྱོར་ལ་ཕན་ཚུན་ཁ་གསབ་བྱེད་པའི་ནུས་ཤུགས་དྲག་པོ་ལྡན་པ་དང་། མཉམ་ལས་ཀྱི་རྨང་གཞི་ཧ་ཅང་གཏིང་ཟབ་པས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། གཉིས་ཕན་མཉམ་ལས་ མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེ།

        ཨན་ཐེན་ཝུན་ཞུང་གིས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་འཇར་པན་དང་ཀྲུང་གོ་གཉིས་ཀྱི་ཆབ་སྲིད་ཡིག་ཆ་བཞིའི་དགོངས་དོན་ལྟར། ཕན་ཚུན་བར་མཉམ་ལས་ཀྱི་གྲོགས་པོར་བརྩི་བ་དང་། ཕན་ཚུན་བར་འཇིགས་སྣང་མི་སྐུལ་བའི་ཐུན་མོང་གི་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་དང་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བར་ཡིད་ཆེས་དམ་པོ་བྱེད་པ། འགལ་བ་མེད་པར་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་པ་རྣམས་ཀྱིས་གསར་གཏོད་བྱས་པའི་འཇར་པན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། མ་འོང་བར་ཁ་ཕྱོགས་པའི་འཇར་པན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཛུགས་སྐྲུན་བཟང་བོ་བྱེད་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།