རྒྱལ་ཡོངས་མི་དམངས་མཁའ་སྲུང་གྲོས་ཚོགས་ཐེངས་བདུན་པ་པེ་ཅིན་ནས་ཚོགས།

ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་རྒྱལ་ཡོངས་མི་དམངས་མཁའ་སྲུང་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་འཐུས་མི་མཇལ་འཕྲད་གནང་།

ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་རྒྱལ་ཡོངས་མི་དམངས་མཁའ་སྲུང་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་འཐུས་མི་མཇལ་འཕྲད་གནང་།

         རྒྱལ་ཡོངས་མི་དམངས་མཁའ་སྲུང་གྲོས་ཚོགས་ཐེངས་བདུན་པ་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་། ཁོང་གིས་གསུངས་རྒྱུར། མི་དམངས་མཁའ་སྲུང་དེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་འབྲེལ་བ་ཡོད། མི་དམངས་མཁའ་སྲུང་གིས་མི་དམངས་ལ་ཞབས་ཕྱི་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་བྱ་བ་དེ་འཐབ་ཇུས་གོ་གནས་གལ་ཆེན་དུ་འཇོག་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་དུ་བཞག་ནས་བྱ་བ་གཞན་དང་མཉམ་དུ་དམ་འཛིན་བྱེད་པ་དང་། མཐུན་སྒྲིལ་དམ་པོ་བྱས་ནས་མི་དམངས་མཁའ་སྲུང་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་མཇལ་འཕྲད་ལ་ཞུགས།

         ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕེན་སོགས་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

        ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་རྒྱལ་ཡོངས་མི་དམངས་མཁའ་སྲུང་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་འཐུས་མི་དང་མི་དམངས་མཁའ་སྲུང་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་མི་དམངས་མཁའ་སྲུང་གི་སྔོན་ཐོན་གྲོང་ཁྱེར་དང་སྔོན་ཐོན་ཐུན་མོང་། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མི་དམངས་མཁའ་སྲུང་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཡུན་རིང་གི་འཐབ་ཇུས་ཤིག་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་མི་དམངས་མཁའ་སྲུང་ལས་དོན་ཐད་ནས་གྲུབ་འབྲས་གསར་བ་བླངས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པར་བྱས་རྗེས་ཆེན་པོ་བཞག གནས་བབ་གསར་བའི་འོག་ཏུ་མི་དམངས་མཁའ་སྲུང་འཐབ་ཕྱོགས་ཀྱི་བློ་མཐུན་གྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། རྒྱལ་སྲུང་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས་སྟོབས་ལྡན་སྲ་བརྟན་གྱི་དེང་རབས་མི་དམངས་མཁའ་སྲུང་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ལིས་ཁི་ཆང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། མི་དམངས་མཁའ་སྲུང་ནི་རྒྱལ་སྲུང་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གཙོ་བོ་ཞིག་ཡིན། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆགས་པར་བྱེད་པ་དང་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་ལ། མི་དམངས་མཁའ་སྲུང་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་སྒྱུར་བ་དང་དམག་དམངས་མཉམ་བསྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་མི་དམངས་མཁའ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཐུན་སྦྱོར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དམག་གྲབས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། དཔལ་འབྱོར་ཕན་འབྲས་བཅས་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར། 

       ཚོགས་ཐོག་ཏུ་རྒྱལ་ཡོངས་མི་དམངས་མཁའ་སྲུང་སྔོན་ཐོན་གྲོང་ཁྱེར་རེ་ལྔ་དང་རྒྱལ་ཡོངས་མི་དམངས་མཁའ་སྲུང་སྔོན་ཐོན་ཐུན་མོང་སོ་ལྔ། རྒྱལ་ཡོངས་མི་དམངས་མཁའ་སྲུང་སྔོན་ཐོན་བྱ་བ་སྒྲུབ་མཁན་ཞེ་ལྔ་བཅས་ལ་གཟེངས་བསྟོད་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།