ཀྲང་ཏི་ཅང་གིས་ཧང་ག་རི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཐི་ལའོ་དབྱི་ལ་མཇལ་འཕྲད་གནང་།

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཐི་ལའོ་དབྱི་ལ་མཇལ་འཕྲད་གནང་།

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཐི་ལའོ་དབྱི་ལ་མཇལ་འཕྲད་གནང་།

          རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དྲུག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཐི་ལའོ་དབྱི་ལ་མཇལ་འཕྲད་གནང་།

          ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཆབ་སྲིད་ཐད་ནས་རྒྱུད་ཆད་མེད་པར་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ། ན་ནིང་རྒྱལ་ཁབ་གཉིས་བར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་ཡིག་ཆ་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་ཆེན་པོ་བསྣན་པས། ཕྱོགས་གཉིས་ཀྱིས་ལས་གཞི་ཆེན་པོ་དང་མི་གཞུང་བརྗེ་རེས། ཀྲུང་གོ་དང་ཡོ་རོབ་གླིང་སོགས་ཐད་ཀྱི་མཉམ་ལས་ལ་དམིགས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བྱ་བ་དེ་དག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧང་ག་རི་རྒྱལ་ཚོགས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཧང་ག་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། འགྲོ་འོང་གི་གནས་བབ་བཟང་བོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། ཀྲུང་གོ་དང་ཧང་ག་རི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་འདོད་ཡོད་ཟེར།

          མཱ་ཐི་ལའོ་དབྱི་ཡིས་ཧང་ག་རི་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།