ཞི་ཅིན་ཕེན་གྱིས་ཐོ་ཀོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧྥུའུ་ལོས་དང་གྲོས་མོལ་མཛད།

 ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལོས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལོས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།

       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐོ་ཀོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧྥུའུ་ལོས་དང་གྲོས་མོལ་མཛད།

       ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཐོ་ཀོ་བར་འབྲེལ་བ་བཙུགས་ནས་ལོ་ཞེ་བཞིའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ལྷག་བསམ་མཛའ་མཐུན་དང་འདྲ་མཉམ
ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དཔེ་སྟོན་དུ་བཟུང་ཆོག དེང་སྐབས་ཀྲུང་གོ་དང་ཐོ་ཀོ་རྒྱལ་ཁབ་གཉིས་ལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་བཟང་བོ་ལྡན་ཞིང་དཔལ་འབྱོར་ཐད་ནས་ཁ་གསབ་རང་བཞིན་ལ་ཤུགས་ཆེ་བ་དང་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ང་ཚོས་ཐོ་ཀོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཐོ་ཀོའི་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

       ཧྥུའུ་ལོས་ཀྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་བཞིའི་རིང་ལ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་མཉམ་ལས་ཐད་གྲུབ་འབྲས་བཟང་བོ་བླངས་པ་དང་། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཐོ་ཀོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དམངས་ཚིས་ལེགས་བཅོས་དང་ཞིང་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞི་བདེ་བདེ་འཇགས་སོགས་ཕྱོགས་སུ་མུ་མཐུད་དུ་ཐོ་ཀོ་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

       གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལོས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།  

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཁྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།