རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་བཅས་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས།

རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་བཅས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་བཅས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་བཅས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད། ཀྲང་ཏི་ཅང་དང་ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།

 

       ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཚོགས་ཆེན་དངོས་སུ་ཚོགས་མགོ་བརྩམས་པ་དང་འཐུས་མི་རྣམས་ཡར་ལངས་ཏེ་རྒྱལ་གླུ་བླངས།

       སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་དང་མཉམ་དུ་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། རང་རྒྱལ་གྱི་ཚན་རྩལ་ལས་དོན་གོང་འཕེལ་དུ་གཏོང་བའི་དམིགས་འབེན་ནི་ཉིས་སྟོང་ཉི་ཤུ་ལོའི་བར་དུ་རང་རྒྱལ་གསར་གཏོད་རང་བཞིན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་དང་ཉིས་སྟོང་སུམ་ཅུ་ལོའི་བར་དུ་རང་རྒྱལ་གསར་གཏོད་རང་བཞིན་རྒྱལ་ཁབ་ཀྱི་མདུན་གྲས་སུ་ཚུད་པ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་བར་དུ་རང་རྒྱལ་འཛམ་གླིང་ཡོངས་ཀྱི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་རྒྱུ་དེ་ཡིན། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མི་དམངས་ཀྱི་ལ་རྒྱ། མི་རིགས་ཀྱི་གཟི་བརྗིད་བཅས་ཡིན་པ་དང་། ཚང་མའི་ལས་འགན་དང་འགན་འཁྲི་ཧ་ཅང་ལྕི་བས། ཧུར་ཐག་སྒོས་གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་གསར་སྐྲུན་དང་འཛམ་གླིང་ཡོངས་ཀྱི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་གསར་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

       ཚོགས་ཐོག་ཏུ་ཞི་ཅིན་ཕེན་གྱིས་རེ་བ་ལྔ་བཏོན། གཅིག ཚན་རྩལ་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་ཚན་རྩལ་ཁྱབ་ཁོངས་གལ་ཆེན་དུ་འཛམ་གླིང་གི་མདུན་གྲས་སུ་སྐྱོད་དགོས། གཉིས། འཐབ་ཇུས་མཛུབ་སྟོན་ཁ་ཕྱོགས་གསལ་བོ་བྱས་ཏེ་གསར་སྐྲུན་འཕེལ་རྒྱས་ཀྱི་ཚན་རྩལ་དཀད་གནད་སེལ་དགོས། གསུམ། ཚན་རྩལ་མཁོ་འདོན་ཇེ་དྲག་ཏུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཕྱོགས་གཙོ་བོར་ཞབས་ཕྱི་བསྒྲུབ་དགོས། བཞི། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱས་ཏེ་སྔར་ལས་གསོན་ཤུགས་ལྡན་པའི་ཚན་རྩལ་དོ་དམ་དང་འཁོར་སྐྱོད་རྐྱེན་སྲོལ་ཆགས་པར་བྱེད་དགོས། ལྔ། གསར་གཏོད་སྙིང་སྟོབས་དར་སྤེལ་བྱས་ཏེ། གསར་གཏོད་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱེད་དགོས་པ་བཅས་རེད།

       ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་རང་རྒྱལ་གྱི་ཚན་རྩལ་ལས་རིགས་ཀྱིས་བདེན་ལུགས་ལ་རེ་སྙེག་དང་རྒྱལ་ཁབ་ལ་ཞབས་ཕྱི་སྒྲུབ་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲོལ་བཟང་དར་སྤེལ་བྱས་ཏེ། སྤོབས་པ་ཆེན་པོས་འགན་འཁྲི་དང་ལེན་བྱེད་པ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་དམག་མི་བཟང་བོ་བྱེད་དགོས་ཟེར།

       པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཁྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།