ལིས་ཁི་ཆང་གིས་ཨེ་ཤ་ཡའི་གསར་འགྱུར་མནའ་འབྲེལ་གྱི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྨྱན་བྱད་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཡོང་ནས་ཨེ་ཤ་ཡའི་གསར་འགྱུར་མནའ་འབྲེལ་གྱི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྨྱན་བྱད་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་ལྷན་དུ་བཞུགས་མོལ་མཛད།

       ཨེ་ཤ་ཡའི་རྒྱལ་ཁབ་དང་ས་གནས་བཅུ་ལྷག་ནས་ཡོང་བའི་གསར་འགྱུར་སྨྱན་བྱད་མི་སྣ་བཞུགས་མོལ་ལ་ཞུགས། ཐེ་གོ་དང་ཧིན་རྡུ་ཉི་ཞི་ཡ། ཧན་གོ། ལའོ་ཝུའོ། ཕ་ཁི་སི་ཐན། སེང་ག་ཕོར། རྒྱ་གར་སོགས་རྒྱལ་ཁབ་ཀྱི་སྨྱན་བྱད་འཐུས་མིས་སོ་སོར་ཀྲུང་གོའི་མཐའ་འཁོར་སྲིད་ཇུས་དང་ས་གནས་ཀྱི་གནས་བབ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། དེ་མིན་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ནས་འདྲི་ཚིག་བཏོན་པ་དང་ལིས་ཁི་ཆང་གིས་དེ་རེ་རེ་ལ་ལན་བཏབ་པར་མ་ཟད་ཁོ་ཚོ་དང་མཉམ་དུ་བསམ་འཆར་བརྗེ་རེས་བྱས།

       ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ནི་འཛམ་གླིང་ཡོངས་སུ་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་རིང་བོ་ཞིག་བརྒྱུད་དགོས། ཨེ་ཤ་ཡའི་རྒྱལ་ཁབ་ནི་ཀྲུང་གོའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་ང་ཚོ་བར་གྱི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་ཆེ། ཀྲུང་གོ་ཕྱོགས་ཀྱིས་ས་གནས་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་ཞི་བདེ་རྒྱལ་སྤྱིའི་ཁོར་ཡུག་དང་བརྟན་འཇགས་ས་ཁུལ་ཁོར་ཡུག་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་མུ་མཐུད་ནས་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་ཅིང་། ཕྱི་འབྲེལ་བྱེད་ཐབས་དང་ཞི་བདེ་རྣམ་པར་བརྟེན་ནས་གནད་དོན་དང་འགལ་བ་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་པར་མ་ཟད་ཨེ་ཤ་ཡར་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།