ལིས་ཁི་ཆང་གིས་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་འཐུས་མི་དང་བཞུགས་མོལ་མཛད།

ཟླ་དྲུག་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པར་ཡོང་བའི་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་གྲགས་ཅན་གྱི་འགན་ཁུར་བར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བདུན་ཉིན་པེ་ཅིན་ནས་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་གྲགས་ཅན་གྱི་འགན་ཁུར་བར་མཇལ་འཕྲད་གནང་།

         འཛམ་གླིང་གི་སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་པོ་བཅོ་ལྔས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྱི་གོ་སྐབས་དང་འགྲན་རྩོད་ཅེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་རང་གི་ལྟ་ཚུལ་དང་གྲོས་གཞི་གླེང།

         ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། དེང་སྐབས། ཀྲུང་གོའི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་གྱི་གོ་རིམ་ཞིག་ཏུ་སླེབས་ཡོད་པ་དང་། ཞབས་ཞུའི་ལས་རིགས་དང་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། འཕྲིན་གཏོང་དང་སྨན་བཅོས། ལུས་རྩལ་བཅས་རྣམ་པ་གསར་བའི་འཛད་སྤྱོད་ཚོང་རར་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་དངུལ་གཏོང་མཁན་ལ་ཚོང་རའི་གོ་སྐབས་གསར་བ་འདོན་སྤྲོད་བྱས་ཡོད་ཟེར།

         གྲོས་ཚོགས་སུ་ཞུགས་པའི་ཁེ་ལས་པ་རྣམས་ཀྱིས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་གྱི་གོ་སྐབས་འགྲན་རྩོད་ལས་ཆེ་བས། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྲུང་གོའི་གསར་གཏོད་ལས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་ཧུར་ཐག་སྒོས་ཞུགས་ནས། ཁེ་ལས་རང་ཉིད་དང་ཀྲུང་གོའི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།