ཞི་ཅིན་ཕེན་གྱིས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་མཇལ་འཕྲད་གནང་།

 

      ཞི་ཅིན་ཕེན་གྱིས་མཱོ་ཁི་ཨར་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་དང་། སྐོར་ཐེངས་བཞི་བའི་ཀྲུང་གོ་དང་འཇར་མན་གཉིས་ཀྱི་སྲིད་གཞུང་བར་གྱི་གྲོས་མོལ་ཕན་འབྲས་ལྡན་པའི་ངང་བསྡུས་པར་མ་ཟད་གྲུབ་འབྲས་གཡུར་ཟ་བ་བླངས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་བཟང་བོ་ཞིག་ཏུ་བསླེབས་པ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མཐོན་པོ་ཞིག་ཏུ་བསླེབས་ཡོད། མཐོ་ཚད་གསར་བ་ནས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ན། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་ལ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་ཀྱི་རྒྱ་བསྐྱེད་དེ། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

      ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས། འཇར་མན་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱིས་གསར་གཏོད་འཕེལ་རྒྱས་ཀྱི་དམིགས་འབེན་འགོད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་དགོས་ཟེར།

      མཱོ་ཁི་ཨར་གྱིས་བཤད་རྒྱུར། སྐོར་ཐེངས་བཞི་བའི་འཇར་མན་དང་ཀྲུང་གོ་སྲིད་གཞུང་བར་གྱི་གྲོས་མོལ་ཕན་འབྲས་ལྡན་པའི་ངང་བསྡུས། ང་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ལྟ་ཚུལ་ལ་ཧ་ཅང་འཐད་པ་ཡིན་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། འཇར་མན་བཟོ་ལས་དང་2025ལོའི་བར་གྱི་ཀྲུང་གོ་བཟོ་སྐྲུན་བར་གྱི་འབྲེལ་འདྲིས་དང་མཉམ་ལས་མྱུར་དུ་ལག་བསྟར་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། གསར་གཏོད། ཕྱོགས་གསུམ་པའི་ཚོང་ར་གསར་གཏོད་བྱེད་པ། གནོད་འགོག་གནོད་སེལ་གྱི་ནུས་པ་ཇེ་ཆེར་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་པོ་བྱས་ནས། ད་ལོ་དང་སང་ལོའི་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་བཟང་བོར་བསྡུ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

      ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།