ཞི་ཅིན་ཕེན་གྱིས་བུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལེ་མོ་ཧྥུའུ་དང་གྲོས་མོལ་མཛད།

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐ་ཧྲི་ཀན་ཁུའུ་ཁི་ས་ལེ་རྒྱལ་མགྲོན་ཁང་དུ་བུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལེ་མོ་ཧྥུའུ་དང་གྲོས་མོལ་མཛད།

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐ་ཧྲི་ཀན་ཁུའུ་ཁི་ས་ལེ་རྒྱལ་མགྲོན་ཁང་དུ་བུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལེ་མོ་ཧྥུའུ་དང་གྲོས་མོལ་མཛད།

       ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐ་ཧྲི་ཀན་ཁུའུ་ཁི་ས་ལེ་རྒྱལ་མགྲོན་ཁང་དུ་བུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལེ་མོ་ཧྥུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་བུའུ་ཙི་པེད་ཁི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་མཐུན་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་དང་བུའུ་ཙི་པེད་ཁི་སི་ཐན་བར་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྔར་ལས་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད།

       ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉིས་སྟོང་བཅུ་གཉིས་ལོར་ཀྲུང་གོ་དང་བུའུ་ཙི་པེད་ཁི་སི་ཐན་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་ཀྱི་མཉམ་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་སུ་སླེབ་པ་དང་། ཆབ་སྲིད་ཡིད་ཆེས་དང་གཉིས་ཕན་མཉམ་ལས། འཐབ་ཇུས་མཐུན་སྦྱོར་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་པས་གྲུབ་འབྲས་བཟང་བོ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་བུའུ་ཙི་པེད་ཁི་སི་ཐན་ཕྱོགས་དང་མཉམ་དུ་གཞོགས་འདེགས་དམ་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དོན་དངོས་ཀྱི་གྲུབ་འབྲས་གང་མང་ལེན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས། དཔལ་འབྱོར་ཉོ་ཚོང་དང་ཐོན་ནུས། ནུས་ཁུངས། ཞིང་ལས། དངུལ་ལོར། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་མང་པོའི་དངོས་གཉེར་མཉམ་ལས་གྲུབ་འབྲས་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས་ཟེར།

       ཁ་ལེ་མོ་ཧྥུའུ་ཡིས་བཤད་རྒྱུར། བུའུ་ཙི་པེད་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་གཅིག་གྱུར་ལས་དོན་ཆེན་པོར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་ཝན་དང་བོད་ལྗོངས་སོགས་ཀྱི་གནད་དོན་ཐད་འཛིན་པའི་རྩ་དོན་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དམངས་ཚིས། མི་གཞུང་། བདེ་འཇགས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཐད་ནས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཁོག་ནང་དུ་མཉམ་ལས་བཟང་བོ་བྱེད་འདོད་ཡོད་ཟེར།

       གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།