ཀྲང་ཀའོ་ལིས་ཀྱིས་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་དང་བཟོ་ལས་ཐོན་ཁུངས་བློན་ཆེན་ཧྥ་ལི་ཧི་ལ་མཇལ་འཕྲད་གནང་།

ཚེས་སུམ་ཅུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནུས་ཁུངས་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་དང་བཟོ་ལས་ཐོན་ཁུངས་བློན་ཆེན་ཧྥ་ལི་ཧི་ལ་མཇལ་འཕྲད་གནང་།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནུས་ཁུངས་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་དང་བཟོ་ལས་ཐོན་ཁུངས་བློན་ཆེན་ཧྥ་ལི་ཧི་ལ་མཇལ་འཕྲད་གནང་། ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། སོ་ཏི་ཨ་རབ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་དབུས་ཤར་མཚོ་འགག་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ད་ལོའི་ཟླ་དང་པོར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སོ་ཏི་ཨ་རབ་ལ་ཆེད་དུ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་མཛད། དུས་རིམ་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་འཐབ་ཇུས་གཉིས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིམ་པ་མཐོ་བའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་མགོ་བཟང་བོ་ཞིག་རྩོམ་པ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་གཞོག་འདེགས་དང་མཐུན་སྦྱོར་ཇེ་དམ་དུ་བཏང་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

        ཧྥ་ལི་ཧི་ཡིས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ལྟ་ཚུལ་གཅིག་མཐུན་གལ་ཆེན་ཧུར་ཐག་གིས་ལག་བསྟར་དངོས་འབེབ་བྱེད་བཞིན་པའི་སྒང་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་རིམ་པ་མཐོ་བའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ནན་ཏན་སྒོས་གྲ་སྒྲིག་བྱེད་བཞིན་ཡོད་པར་མ་ཟད། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ་བརྒྱུད་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།