ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས།

 ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཚོགས་ཆེན་ལ་ཞུགས།

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཚོགས་ཆེན་ལ་ཞུགས།

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུངས་བཤད་གལ་ཆེན་

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུངས་བཤད་གལ་ཆེན་

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། འདི་ནི་ཞི་ཅིན་ཕེན་སོགས་ཀྱིས་ཚོགས་ཆེན་སྟེང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་ལ་བྱ་དགའ་གནང་བའི་ཚུལ་རེད།

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། འདི་ནི་ཞི་ཅིན་ཕེན་སོགས་ཀྱིས་ཚོགས་ཆེན་སྟེང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་ལ་བྱ་དགའ་གནང་བའི་ཚུལ་རེད།

       ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་འདུའི་སྟེང་གསུངས་བཤད་གལ་ཆེན་གནང་ནས། ང་ཚོའི་ཏང་ལོ་ངོ་གོ་ལྔའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བརྒྱུད་ཟིན་ན་ཡང་། ང་ཚོས་ཏང་འཛུགས་དུས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་སྙིང་སྟོབས་དུས་གཏན་དུ་སྲུང་འཛིན་བྱེད་དགོས་པ་དང་། མི་དམངས་ལ་བཅངས་པའི་ལྷད་མེད་ལྷག་བསམ་དུས་གཏན་དུ་སྲུང་འཛིན་བྱེད་དགོས། ཡོད་ཚད་མདུན་དུ་སྐྱོད་ནའང་། བགྲོད་ཟིན་པའི་ལམ་གཏན་ནས་བརྗེད་མི་རུང་ལ། ལམ་ཐག་ཅི་འདྲིའི་རིང་པོར་བསྐྱོད་པ་དང་། ཅི་འདྲིའི་འོད་སྟོང་འབར་བའི་མ་འོངས་པར་སྐྱོད་ནའང་། འདས་སོང་གི་ལོ་རྒྱུས་གཏན་ནས་བརྗེད་མི་རུང་བ་དང་། ཅིའི་ཕྱིར་སྐྱོད་དགོས་པ་གཏན་ནས་བརྗེད་མི་རུང་། མ་འོངས་པར་ཁ་ཕྱོགས་པ་དང་འགྲན་རྩོད་ལ་ཁ་ཕྱོགས་ནས་ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས་ཞེས་ནན་གྱིས་བསྟན།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

       མི་དམངས་ཚོགས་ཁང་ཆེན་མོ་བརྗིད་ཆགས་ཉམས་ཀྱིས་ཕྱུག་ལ། ཁྲི་ཤོང་ཚོམས་ཁང་ཆེན་མོར་གློག་འོད་རྣམ་པར་བཀྲ། ཀྲུའུ་ཞི་སྟེགས་བུའི་ཀླད་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཞེས་པའི་ཚོགས་རྟགས་བཀལ་ཡོད། རྒྱབ་རས་ཀྱི་དཀྱིལ་དུ་ཟོར་བ་དང་ཐོ་བས་གྲུབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དར་དམར་བཅུ་ཡིས་ལེགས་པར་བརྒྱན་ནས་བཀྲག་མདངས་འཚེར་བཞིན་ཡོད་ལ། གཅིག་དགུ་ཉེར་གཅིག་ལོ་ནས་ཉིས་སྟོང་བཅུ་དྲུག་ལོ་ཞེས་པའི་ཡིག་འབྲུ་རྣམས་ལྷག་ཏུ་མིག་ལ་གསལ། ཚོམས་ཁང་ཆེན་མོའི་ཉིས་ཐོག་གི་ལྟ་སྟེགས་སྟེང་དུ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོས་ཡར་བརྩོན་ལྷོད་མེད་དང་གསར་སྤེལ་གསར་གཏོད་བྱས་ཏེ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཁྱོན་ཡོངས་ནས་སྤེལ་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་ཅེས་བྲིས་པའི་རས་བྱང་བཀལ་ཡོད།

       སྔ་དྲོའི་དུས་ཚོད་བཅུའི་སྟེང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མགོ་བརྩམས་པ་ཁྱབ་སྒྲོག་མཛད་པ་དང་། ཚང་མ་ཡར་ལངས་ཏེ་སྐད་གསེང་མཐོན་པོས་རྒྱལ་གླུ་བླངས།

       ལིག་ཡུན་ཧྲན་གྱིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་གནང་བའི་ཐག་གཅོད་སྒྲོག་འདོན་བྱས། ཐག་གཅོད་ལས་ཀྲུང་གུང་ཀྲུང་དབྱང་གིས་ཅ་ལིས་ཆུན་སོགས་གུང་ཁྲན་ཏང་ཡོན་བརྒྱ་ཐམ་པ་དང་། ཧྥུའུ་ཆི་ཕེན་སོགས་ཏང་གི་བྱ་བ་སྒྲུབ་མཁན་བརྒྱ་ཐམ་པ། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་ཏང་ཨུ་སོགས་གཞི་རིམ་ཏང་རྩ་འཛུགས་སུམ་བརྒྱ་བཅས་ལ་གཟེངས་བསྟོད་གནང་ནས། སོ་སོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་མཚན་སྙན་གནང་རྒྱུའི་ཐག་བཅད་པ་ཡིན་ཞེས་བཀོད་ཡོད།

       དགའ་སྤྲོའི་རོལ་དབྱངས་དང་བསྡོངས་ནས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཐུས་མི་ལ་བྱ་དགའ་གནང་།

       སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་བསྟན་དོན། དེ་རིང་ང་ཚོས་འདི་ནས་གཟབ་རྒྱས་ཆེ་བའི་འདུ་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་གོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་ལྟ་དང་། ཏང་དང་མི་དམངས་ཀྱི་ལས་དོན་གོང་འཕེལ་གྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡིད་ཆེས་སྔར་ལས་ཆེན་པོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་རྒྱལ་ཁའི་ངང་མདུན་དུ་སྐྱོད་པར་སྐུལ་སློང་བྱེད།

       ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ནས་གུང་ཁྲན་ཏང་བྱུང་བ་ནི། གནམ་འདེགས་ས་གཤགས་ཀྱི་དུས་འགྱུར་ཆེན་པོ་ཞིག་རེད། གནམ་འདེགས་ས་གཤགས་ཀྱི་དུས་འགྱུར་ཆེན་པོ་འདིས་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་བགྲོད་ལམ་ལ་སྒྱུར་བཅོས་ཆེན་པོ་བྱས་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་སྒྱུར་བཅོས་ཆེན་པོ་བྱས་ཤིང་། འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་དང་རྣམ་པར་སྒྱུར་བཅོས་ཆེན་པོ་བྱས། ལོ་ངོ་གོ་ལྔའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དམ་དུ་བརྟེན་ཏེ་དཀའ་ཁག་རེ་རེ་དང་རེ་རེ་སེལ་ཞིང་རྒྱལ་ཁ་རེ་རེ་དང་རེ་རེ་བླངས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་ལོ་རྒྱུས་ཀྱི་བྱས་རྗེས་རླབས་ཆེན་བཞག་ཡོད། 

       ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་མགོ་ཁྲིད་དེ་བླངས་པའི་རྒྱལ་ཁ་རླབས་ཆེན་གྱིས། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཁྱོན་ཡོངས་ནས་དེང་རབས་ཅན་ལ་སྐྱོད་དུ་བཅུག་ནས། ཀྲུང་ཧྭའི་ཤེས་རིག་ལ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་སྐྱེ་སྟོབས་གསར་བ་རྒྱས་པར་བྱས་ལ། ལོ་ངོ་ལྔ་བརྒྱའི་ལོ་རྒྱུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེར་འཛམ་གླིང་སྟེང་མི་གྲངས་ཆེས་མང་བའི་རྒྱལ་ཁབ་ནས་དངོས་ཡོད་རང་བཞིན་དང་ལག་བསྟར་རང་བཞིན་དྲག་པོ་ལྡན་པའི་ཡང་དག་གི་བགྲོད་ལམ་ཞིག་རྒྱལ་ཁའི་ངང་བཏོད་ནས། ཚན་རིག་གི་སྤྱི་ཚོགས་རིང་ལུགས་དེར་དུས་རབས་ཉེར་གཅིག་པར་སྐྱེ་སྟོབས་གསར་བ་རྒྱས་པར་བྱས། ལོ་ངོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལྡན་པའི་ཀྲུང་གོའི་འཛུགས་སྐྲུན་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་པར་བྱས་ཏེ། འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཀྲུང་གོ་འདི་དུས་ཚོད་ཐུང་ཐུང་ལོ་ངོ་སུམ་ཅུ་ལྷག་གི་རིང་དབུལ་ཕོངས་ལས་ཐར་བར་བྱས་པ་མ་ཟད་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་ཨང་གཉིས་པར་འགྱུར་བར་བྱས་ལ། སའི་གོ་ལའི་སྟེང་འཚོ་བའི་ཐོབ་ཐང་འཆོར་བའི་ཉེན་ཁ་ལས་ཡོངས་སུ་ཐར་བར་བྱས་ནས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སྟེང་གནམ་ས་གཡོ་སྒུལ་གྱི་འཕེལ་རྒྱས་ཁྱད་མཚར་བ་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ལ་སྐྱེ་སྟོབས་གསར་བ་རྒྱས་པར་བྱས།

       ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱིས་ང་ཚོར། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་དོན་ལ་མགོ་ཁྲིད་པའི་གདམ་ག་ནི་ཡང་དག་པ་ཡིན་པས། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཏེ་གཡོ་འགུལ་གཏན་ནས་བྱེད་མི་རུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་མགོ་ཁྲིད་དེ་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ནི་ཡང་དག་པ་ཡིན་པས། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཏེ་གཡོ་འགུལ་གཏན་ནས་བྱེད་མི་རུང་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྲུང་གོའི་ས་གཞིའི་སྟེང་རྐང་འཛུགས་པ་དང་། མིའི་རིགས་ཀྱི་ཤེས་རིག་གི་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་བྱེད་པ། རང་བཙན་རང་བདག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་བྱེད་པ་བཅས་ནི་ཡང་དག་པ་ཡིན་པས། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཏེ་གཡོ་འགུལ་གཏན་ནས་བྱེད་མི་རུང་ཞེས་གསལ་བོར་བཤད་ཡོད།

      ཞི་ཅིན་ཕེན་གྱིས་བསྟན་དོན། དེ་རིང་ང་ཚོས་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་པ་ནི། རྒྱལ་ཁའི་ཁྲོད་ནས་རང་སེམས་གསོ་བའི་ཆེད་དུ་མིན་ལ། བྱས་རྗེས་ཀྱི་གདན་སྟེང་དུ་ཉལ་ནས་ད་ལྟའི་དཀའ་ངལ་དང་གནད་དོན་ལ་གཡོལ་བའི་ཁ་གཡོར་ས་འཚོལ་བའི་ཆེད་དུ་ནི་དེ་ལས་ཀྱང་མིན། དེ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྤྱི་སྡོམ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། གསར་སྤེལ་མདུན་སྐྱོད་ཀྱི་སྤོབས་པ་དང་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་ཆེད་ཡིན།

      ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་སུ་གཏོང་བ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་མང་པོ་སྤེལ་བར་གྲ་སྒྲིག་བྱེད་དགོས་ཞེས་བསྟན་ཡོད། འདིས་ཏང་ཡོངས་ལ་དུས་དང་རྣམ་པ་ཀུན་ཏུ་འགྲན་རྩོད་ཆེན་པོར་ཁ་གཏད་འཇལ་བ་དང་། ཉེན་ཁ་ཆེན་པོར་བཀག་འགོག་བྱེད་པ། དཀའ་ངལ་ཆེན་པོ་ཡོངས་སུ་བསལ་བ། འགལ་བ་ཆེན་པོ་ཐག་གིས་གཅོད་པ་བཅས་ལ་གྲ་སྒྲིག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གི་མགོ་ཁྲིད་གོ་གནས་དང་སྲིད་འཛིན་གོ་གནས་རྒྱུན་འཁྱོངས་བྱས་ཏེ་སྲ་བརྟན་དུ་བཏང་སྟེ། ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས་བཅས་ཀྱིས་དུས་གཏན་དུ་ཕམ་ཁ་མི་མྱོང་བར་བྱེད་དགོས་པའི་བསླབ་བྱ་གནང་ཡོད།

      ཞི་ཅིན་ཕེན་གྱིས་མ་འོངས་པར་ཁ་ཕྱོགས་པ་དང་འགྲན་རྩོད་ལ་ཁ་ཕྱོགས་ནས། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས་པ་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར་ཕྱོགས་བརྒྱད་ཀྱི་བླང་བྱ་བཏོན། གཅིག ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་སྒྱུར་བ་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། གཉིས། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། ང་ཚོའི་དབུ་བརྙེས་པ་ནས་བཟུང་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་དུ་འབད་འཐབ་བྱེད་རྒྱུ་དེ་རང་གི་རྩ་འཛིན་དུ་གཏན་ཁེལ་བྱས་པ་དེ་ཡིད་ལ་དམ་པོར་བཟུང་ནས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་སྲ་བརྟན་དུ་བཏང་ནས། མཆོག་ཏུ་གྱུར་པའི་ཕུགས་བསམ་གྱི་ཆེད་དུ་འབད་འཐབ་བྱེད་པའི་རླབས་ཆེན་ལག་ལེན་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། གསུམ། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚགས་རིང་ལུགས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་རྒྱུན་འཁྱོངས་དང་། ཏང་གི་རྩ་བའི་ལམ་ཕྱོགས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ཐད་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། བཞི། ཐོག་མའི་བསམ་འདུན་མི་བརྗེད་པར་མི་མཐུད་མདུན་སྐྱོད་བྱེད་ན། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྤེལ་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་སྤེལ་ཞིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཕེལ་རིམ་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། ལྔ། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་བློ་བརྟན་འགྱུར་མེད་སྒོས་མཐོ་རུ་བསྒྲེང་བ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་ཕོད་པར་བྱས་ཏེ། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བྱས་ཏེ་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་གསོན་ཤུགས་བཅོངས་འགྲོལ་བྱས་ཏེ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། དྲུག ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། ཏང་གི་རྨང་གཞི་མི་དམངས་ཀྱི་སྟེང་དུ་ཡོད་པ་དང་ཏང་གི་སྟོབས་ཤུགས་མི་དམངས་ཀྱི་སྟེང་དུ་ཡོད་པར་ཡིད་ཆེས་བརྟན་པོ་བཅངས་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་དོན་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། བདུན། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། ཐོག་མཐའ་བར་གསུམ་དུ་ཞི་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་མཆོག་གྱུར་ལས་དོན་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། བརྒྱད། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ན། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་སྲུང་འཛིན་བྱས་ཏེ། སྲིད་འཛིན་ནུས་ཤུགས་དང་མགོ་ཁྲིད་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་བ་དང་། ཉེན་ཁ་དང་རུལ་སུངས། འགྱུར་ལྡོག་བཅས་འགོག་པའི་ནུས་ཤུགས་ཧུར་ཐག་གིས་ཇེ་ཆེར་བཏང་ནས། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས།

      ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོའི་དོན་དག་བཟུང་བོར་བསྒྲུབ་དགོས་ན་གནད་འགག་ནི་ཏང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོ་རང་བཞིན་གྱི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ལེགས་ཆ་ནི་ཀྲུངགོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་ནི། ཏང་དང་རྒྱལ་ཁབ་ཀྱི་གཞི་རྩ་དང་འབྲེལ་ཡོད་ལ་ལས་དབང་དང་འབྲེལ་ཡོད། དེ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་ཡོད་ལ་བདེ་སྐྱིད་དང་འབྲེལ་ཡོད། ང་ཚོའི་ཏང་ནི་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་བརྒྱད་ལྷག་དང་ཏང་རྩ་འཛུགས་ས་ཡ་བཞི་དང་འབུམ་བཞི་ལྷག་ཡོད་པའི་ཏང་ཞིག་ཡིན་ལ། མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ནས་ཡུན་རིང་བོར་སྲིད་བཟུང་བའི་ཏང་ཞིག་ཡིན་པའི་ཆ་ནས། ཏང་གི་འཛུགས་སྐྲུན་དེ་ཧ་ཅང་གལ་ཆེ་བ་དང་ཁྱོན་ཡོངས་ལ་འབྲེལ་ཡོད། ཏང་དང་མི་དམངས་ཀྱི་ལས་དོན་ཚད་རིམ་ཅི་འདྲ་ཞིག་ཏུ་འཕེལ་རྒྱས་སུ་སོང་ན། ཏང་གི་འཛུགས་སྐྲུན་ཡང་ཚད་རིམ་དེ་འདྲ་ཞིག་ཏུ་གོང་དུ་སྤེལ་དགོས། འདི་ནི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པར་ངེས་པར་དུ་སེམས་ལ་ངེས་དགོས་པའི་རྩ་བའི་ཆོས་ཉིད་ཡིན། 

      ཞི་ཅིན་ཕེན་གྱིས་བསྟན་དོན། སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོ་རང་བཞིན་གྱི་ཁྱད་ཆོས་ཡིན་པས། ང་ཚོས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ན། སྔོན་ཐོན་རང་བཞིན་ཇེ་གཉོམ་དུ་གཏོང་བ་དང་ལྷད་མེད་རང་བཞིན་ལ་གནོད་སྐྱེལ་བའི་གནད་དོན་ཡོད་ཚད་ལ་འཐབ་རྩོད་བྱས་ཏེ། ནད་འཇོམས་རྨ་གསོ་དང་བཟང་བསྟོད་ངན་སྨད་བྱེད་དགོས། ཏང་ཡོངས་ཀྱིས་རང་སྟེང་གསར་བརྗེའི་ཆབ་སྲིད་བློ་སྤོབས་བཅངས་ནས་ཏང་རང་སྟེང་དུ་གནས་པའི་འབུར་ཐོན་གནད་དོན་ཧུར་ཐག་གིས་ཐག་གཅོད་པ་དང་། ཏང་གི་རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ནུས་མཐོར་འདེགས་བཅས་ཀྱི་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། ཉམས་སད་ཆེན་པོ་བཞི་ཐེག་པ་དང་ཉེན་ཁ་ཆེན་པོ་བཞི་སེལ་ནས། ཏང་ཐོག་མཐར་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྟོབས་དང་ལྡན་པའི་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

      ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་ན་ངེས་པར་དུ་ནན་ཞེས་པའི་ཡི་གེ་འདི་གཙོ་བོར་འཛིན་དགོས། ནན་ཞེས་པའི་རེ་བ་དེ་བརྒྱུད་རིམ་ཧྲིལ་བོར་སྦྲེལ་ནས། དངོས་སྡོམ་དངོས་ནན་དང་སྡོམ་ཕོད་ནན་ཕོད། ཡུན་སྡོམ་ཡུན་ནན་བཅས་བྱེད་དགོས། ང་ཚོས་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་བྱེད་པ་དང་ཚད་ལྡན་དུ་གཏོང་དགོས་ལ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་དུ་བཏང་ནས།ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་ཡོངས་སུ་གཙང་སྒྱུར་བྱེད་དགོས། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ནས་འཛིན་པ་དང་། མཐོ་རིམ་ལས་བྱེད་པ་ནས་བཟུང་སྟེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་གོམས་སྲོལ་དང་སྤྱོད་ཚུལ་བཟང་བོ་འཛིན་སྐྱོང་བྱས་ཏེ། རྒྱུན་འཛིན་དང་ཞིབ་འཛིན། ཡུན་འཛིན་བཅས་རྒྱུན་འཁྱོངས་ཀྱིས་ཏང་གི་སྤྱོད་ཚུལ་ཁྱོན་ཡོངས་ནས་ཇེ་བཟང་དུ་བཏང་སྟེ། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་མཉམ་དུ་ལེན་པ་དང་ལས་དབང་མཉམ་དུ་སྦྲེལ་བ། སེམས་པ་གཅིག་ཏུ་སྦྲེལ་བ་བཅས་ལ་ཁག་ཐེག་བྱེད་དགོས། ང་ཚོས་བློ་སེམས་དང་རང་གཤིས་བརྟན་པོས་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གྱོད་གཞི་ཡོད་ན་ངེས་པར་དུ་རྩད་གཅོད་པ་དང་རུལ་སུངས་པ་ཡོད་ན་ངེས་པར་དུ་ཁྲིམས་ཆད་བཅད་དེ་རུལ་སུངས་མི་སྣ་དག་ཏང་ནང་དུ་བསྐུང་ས་ཅི་ཡང་མེད་པར་བྱེད་དགོས། ང་ཚོས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་སུ་འཇོན་དེ་བཀོལ་རྒྱུན་འཁྱོངས་བྱེད་པ། ལས་དོན་གཙོ་བོར་བཟུང་སྟེ་འདྲ་མཉམ་དྲང་གཞག་ཡིན་པ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། མི་འདེམ་བཀོལ་བྱེད་པའི་ཐད་ཀྱི་སྲོལ་ངན་ལ་མཐའ་གཅིག་ཏུ་བཀག་འགོག་དང་དེ་ཡོ་བསྲང་བྱས་ཏེ། ཏང་དང་མི་དམངས་ལ་དགོས་མཁོ་ཆེ་བའི་ལས་བྱེད་པ་བཟང་བོ་སེམས་ཞིབ་མོས་སྐྱེད་སྲིང་དང་དུས་ལྟར་དུ་འཚོལ་རྙེད། ལུགས་དང་མཐུན་པར་བཀོལ་སྤྱོད་བཅས་བྱེད་དགོས།

      ཞི་ཅིན་ཕེན་གྱིས་བསྟན་དོན། ན་གཞོན་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ། ང་ཚོ་ཏང་གི་མ་འོངས་པ་དང་རེ་བ་ཡང་ཡིན། ཏང་ཡོངས་ཀྱིས་ན་གཞོན་ལ་དོ་སྣང་དང་ན་གཞོན་ལ་སེམས་ཁུར། ན་གཞོན་ལ་གཅེས་སྤྲས་བྱེད་པ་དང་། ན་གཞོན་ཚོའི་སེམས་གཏམ་ལ་ཉན་པ། ན་གཞོན་ཚོའི་བློས་ཐུབ་ཀྱི་གྲོགས་པོ་དང་ན་གཞོན་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་པ། ན་གཞོན་མང་ཚོགས་ཀྱི་སྣེ་ཁྲིད་པ་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་ཉེ་རབས་ནས་བཟུང་བའི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་འབད་འཐབ་ལྷོད་མེད་བྱས་པའི་གཟི་བརྗིད་ཀྱི་ལོ་རྒྱུས་དང་རླབས་ཆེན་གྱི་བརྒྱུད་རིམ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་བསྙེག་པ། དུས་རབས་ཀྱི་མདུན་གྲས་སུ་སྐྱོད་པའི་མདུན་སྐྱོད་པ་དང་གསར་འབྱེད་པ། བྱས་རྗེས་འཇོག་མཁན་བྱས་ཏེ། མེས་རྒྱལ་དང་མི་དམངས། མི་རིགས་ཀྱི་ཆེད་དུ་བྱས་རྗེས་འཇོག་པའི་ཁྲོད་ལང་ཚོའི་གཟི་འོད་ངོམ་དགོས་ཟེར།

      ཞི་ཅིན་ཕེན་གྱིས་བསྟན་དོན། གཅིག་དགུ་ཞེ་དགུ་ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཏང་ཀྲུང་དབྱང་ཞི་པད་ཕོ་ནས་པེ་ཅིན་ལ་སྤོར་སྐབས་བློ་མཐུན་མའོ་ཙེ་ཏུང་གིས་དེ་རིང་ནི་པེ་ཅིན་ལ་སྤོར་བའི་ཉིན་མོ་ཡིན། ལོ་དྲུག་ཅུ་ལྷག་གི་ལག་ལེན་ལས་ང་ཚོ་ཏང་གིས་ལོ་རྒྱུས་རང་བཞིན་གྱི་བརྒྱུད་རིམ་འདིའི་ཁྲོད་དུ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་བདེན་དཔང་བྱས་ཡོད་པ་དང་མཉམ་དུ་བརྒྱུད་རིམ་འདི་ད་དུང་མཇུག་རྫོགས་མེད་ལ་མུ་མཐུད་དུ་སྒྲུབ་བཞིན་ཡོད་ཅེས་གསུངས། ཞི་ཅིན་ཕེན་གྱིས་མཇུག་མཐར་གསུངས་རྒྱུར། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་ལོ་རྒྱུས་མི་བརྗེད་པར་མུ་མཐུད་ནས་མདུན་སྐྱོད་བྱས་ཏེ་ནམ་ཡང་ཁེངས་སྐྱུང་དང་གཟབ་ནན། ང་རྒྱལ་མེད་པའི་སྤྱོད་ཚུལ་སྲུང་འཛིན་བྱེད་དགོས་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་སྲུང་འཛིན་བྱེད་དགོས་ལ། སྤོབས་པ་ཆེན་པོས་སྒྱུར་བཅོས་དང་གསར་གཏོད་བྱེད་པ་དང་ནམ་ཡང་མཚམས་མི་འཇོག་པར་ལོ་རྒྱུས་རང་བཞིན་གྱི་བརྒྱུད་རིམ་འདིའི་ཁྲོད་དུ་ཉམས་སད་ཐེག་དགོས་ལ། ཧུར་ཐག་སྒོས་ལོ་རྒྱུས་དང་མི་དམངས་ལ་སྔར་ལས་བཟང་བའི་རྒྱུགས་འབྲས་ཤིག་སྤྲོད་དགོས་ཟེར།

      ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། ཏང་ཡོངས་ཀྱི་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། ལོ་རྒྱུས་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་པ་དང་། སྔོན་ཐོན་དང་དཔེ་ལེགས་མིག་དཔེར་བཟུང་སྟེ། གུང་ཁྲན་ཏང་ཡོན་གྱི་ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པ། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་སུ་གཏོང་བ་ནི་ལས་འགན་གཙོ་བོ་ཡིན་པ་དམ་པོ་བཟུང་སྟེ། ཏང་ལ་བློ་དཀར་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཁྲོད་སྦྲེལ་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རླབས་ཆེན་ལས་དོན་དུ་སྦྲེལ་དགོས་པར་མ་ཟད། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་དང་དངོས་གཉེར་དངོས་སྒྲུབ་བྱེད་པ། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བཅས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

      བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྲོལ།

      ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།

      ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ལས་ཁུངས་སོ་སོ། པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཏང་ཡོན་རྒན་པ་དང་ལས་བྱེད་པའི་རྒན་པའི་འཐུས་མི། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི། རྒྱལ་སའི་གཞི་རིམ་གྱི་ཏང་ཡོན། ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་བཅས་ཀྱི་འཐུས་མི་སོགས་ཕལ་ཆེར་མི་སྟོང་སུམ་ལྷག་ཚོགས་ཆེན་ལ་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།