བློ་མཐུན་ཁྲིན་ཅིན་ཧྭ་ཡི་བེམ་པོ་པེ་ཅིན་པ་པོ་རི་བོའི་བང་སོ་ནས་སྦྱིན་བསྲེགས་བྱས།

ཟླ་བདུན་པའི་ཚེས་བརྒྱད་ཉིན། བློ་མཐུན་ཁྲིན་ཅིན་ཧྭ་ཡི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་བསྲེགས་བྱས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བློ་མཐུན་ཁྲིན་ཅིན་ཧྭ་ཡི་ཁྱིམ་མི་དང་གཉེན་ཉེ་རེ་རེ་ལ་ཕྱག་འཇུག་གནང་བ་དང་འཚམས་འདྲི་ཞུ་བའི་ཚུལ་རེད།

ཟླ་བདུན་པའི་ཚེས་བརྒྱད་ཉིན། བློ་མཐུན་ཁྲིན་ཅིན་ཧྭ་ཡི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་བསྲེགས་བྱས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བློ་མཐུན་ཁྲིན་ཅིན་ཧྭ་ཡི་ཁྱིམ་མི་དང་གཉེན་ཉེ་རེ་རེ་ལ་ཕྱག་འཇུག་གནང་བ་དང་འཚམས་འདྲི་ཞུ་བའི་ཚུལ་རེད།

        ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་ཏང་རིང་ལུགས་ཀྱི་འཐབ་མོ་བ། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཁྲིན་ཅིན་ཧྭ་ཡི་བེམ་པོ་ཚེས་བརྒྱད་ཉིན་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་བསྲེགས་བྱས།

         བློ་མཐུན་ཁྲིན་ཅིན་ཧྭ་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་དུས་ཚོད་བཅོ་ལྔ་དང་སྐར་མ་ང་དྲུག་གི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་ལོ་གྱ་བདུན་རེད།

        སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཧུའུ་ཅིན་ཐོ་སོགས་མྱ་ངན་ཞུ་བའི་རོལ་མོའི་ཁྲོད་དུ་བློ་མཐུན་ཁྲིན་ཅིན་ཧྭ་ཡི་བེམ་པོའི་མདུན་དུ་ཕེབས་ཏེ་གུས་བ་ལན་གསུམ་བྱས་པར་མ་ཟད་བློ་མཐུན་ཁྲིན་ཅིན་ཧྭ་ཡི་གཉེན་ཉེ་དང་ཁྱིམ་མི་རེ་རེ་ལ་ཕྱག་འཇུ་གནང་བ་དང་འཚམས་འདྲི་ཞུས།

        བློ་མཐུན་ཁྲིན་ཅིན་ཧྭ་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐོ་སོགས་བློ་མཐུན་སྨན་ཁང་དང་ཕེབས་ཏེ་འཚམས་འདྲི་ཞུས་པ་དང་ཡང་ན་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བློ་མཐུན་ཁྲིན་ཅིན་ཧྭ་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོའི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུས།

         ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་བློ་མཐུན་ཁྲིན་ཅིན་ཧྭ་འཚོ་གནས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།