སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི2016ལོའི་ལོ་ཚོགས་ཀོས་ཡང་ནས་ཚོགས་མགོ་བརྩམས།

ཟླ་བདུན་པའི་ཚེས་དགུ་ཉིན། སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི2016ལོའི་ལོ་ཚོགས་ཀོས་ཡང་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་བདུན་པའི་ཚེས་དགུ་ཉིན། སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི2016ལོའི་ལོ་ཚོགས་ཀོས་ཡང་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

         སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི2016ལོའི་ལོ་ཚོགས་ཚེས་དགུ་ཉིན་ཀོས་ཡང་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

         ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་གླེང་སྟེགས་ལོ་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

         ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཐེངས་འདིའི་གླེང་སྟེགས་ལོ་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་སྐྱོད་པ་ཅེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་ཕྱོགས་དང་རླབས་རྒྱུན་དང་བསྟུན་ནས། ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དངོས་གཉེར་འགུལ་སྐྱོད་ངོམ་པར་བྱས། ཀྲུང་གོ་འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་དོན་དར་སྤེལ་བྱེད་མཁན་ཡིན་པའི་ཆ་ནས། འགན་ཁུར་ཡོད་པ་དང་མཉམ་ལས་བྱེད་འདོད་ཡོད་པའི་སྙིང་སྟོབས་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་འགྱུར་དུས་ནམ་ཡང་བཅངས་ནས་ཕ་རི་སི་གྲོས་མཐུན་གྲོས་མོལ་བྱེད་པའི་ཁྲོད་ཞུགས་ཏེ། ཕ་རི་སི་གྲོས་མཐུན་བཀོད་པར་བྱས་རྗེས་གལ་ཆེན་བཞག་པར་མ་ཟད། ཀྲུང་གོས་ཕ་རི་སི་གྲོས་མཐུན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་ཡིད་ཆེས་ཆེན་པོ་བཅངས་ཡོད་ཟེར།

         ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སྔར་ལས་གཏན་ལ་ཕབ་པར་མ་ཟད། ལྗང་མདོག་འཕེལ་རྒྱས་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་ཐ་ན་དུས་ཡུན་སྔར་ལས་རིང་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་འདུ་ཤེས་ཤིག་ཏུ་བརྩིས་ཡོད་ཟེར།

 

ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མཱ་ཁི་བ་ཨར་ཏེ། ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐོ། ལའོ་ཝའོ་ཡི་ཙུང་ལི་གཞོན་པ་པུན་ཐུན་བཅས་ཀྱིས་སོ་སོར་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་བརྙན་འཕྲིན་བརྒྱུད་དེ་རྟེན་འབྲེལ་ཞུ་ཡིག་བཏང་།

 

ཐེངས་འདིའི་གླེང་སྟེགས་ཚོགས་ལོ་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་སྟོང་གཅིག་ལྷག་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།