ལིས་ཁི་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཐེན་ཅོ་དང་པུར་ཀ་རུ་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་བཅས་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུའུ་ལན་པ་ཐོ་ནས་འབར་མའི་ཙུང་ཐུང་ཝུའུ་ཐེན་ཅོ་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུའུ་ལན་པ་ཐོ་ནས་འབར་མའི་ཙུང་ཐུང་ཝུའུ་ཐེན་ཅོ་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུའུ་ལན་པ་ཐོ་ནས་པུར་ཀ་རུ་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུའུ་ལན་པ་ཐོ་ནས་པུར་ཀ་རུ་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུའུ་ལན་པ་ཐོ་ནས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་མཇལ་འཕྲད་གནང་།

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུའུ་ལན་པ་ཐོ་ནས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་མཇལ་འཕྲད་གནང་།

       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཝུའུ་ལན་པ་ཐོ་ནས་འབར་མའི་ཙུང་ཐུང་ཝུའུ་ཐེན་ཅོ་དང་པུར་ཀ་རུ་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་བཅས་ལ་མཇལ་འཕྲད་གནང་།

       ཝུའུ་ཐེན་ཅོ་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་རེ་དྲུག་གི་རིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པར་མ་ཟད་དེའི་རྨང་གཞིའི་སྟེང་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་བཏང་། ཀྲུང་གོ་ཕྱོགས་ཀྱིས་འབར་མ་སྲིད་གཞུང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེས་པར་བྱས་ནས་ཀྲུང་གོ་དང་འབར་མའི་འབྲེལ་བ་ཡུན་རིང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ལ་ཤུགས་བསྣན་ཏེ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དུས་སྐབས་གསར་བར་ཀྲུང་གོ་དང་འབར་མའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འཆར་འགོད་བྱེད་དགོས་ཟེར།

       ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་པུར་ཀ་རུ་ཡའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་བཟང་ཞིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་སྲུང་འཛིན་བྱས་པ་དང་། གཉིས་ཕན་མཉམ་ལས་ཐད་ལ་གསོན་ཤུགས་གསར་བ་རྒྱས། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རུ་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཆར་འགོད་ལ་འབྲེལ་མཐུད་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་སྣའི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་འདོད་ཡོད། པུར་ཀ་རུ་ཡ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་མཐུན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།

      ལོས་ཐི་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཧི་ལན་ནི་ཀྲུང་གོའི་ཡོ་རོབ་གླིང་གི་གྲོགས་པོ་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧི་ལན་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ། སྒོ་འབྱེད་དངོས་གཉེར་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ཅིང་མཛའ་མཐུན་འགྲོ་འོང་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།