ལིས་ཁི་ཆང་གིས་ལིན་ཀྲིན་ཡའོ་ཨི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བར་བསྐོས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་གནང་།

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ལིན་ཀྲིན་ཡའོ་ཨི་ལ་མཇལ་འཕྲད་གནང་བར་མ་ཟད། ཁོ་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བར་བསྐོས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང་དྲུག་བརྒྱ་དང་དོན་བདུན་པ་གནང་།

    ལིས་ཁི་ཆང་གིས་ཐོག་མར་ལིན་ཀྲིན་ཡའོ་ཨི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བར་བསྐོས་པར་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་དབྱང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ཁྱོད་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་པར་མ་ཟད། ཞང་ཀང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། ནང་ལོག་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་ཡིན། ཞང་ཀང་གི་འཕེལ་རྒྱས་དེ་རང་སྟེང་གི་དགོས་མཁོ་ཡིན་པ་དང་རྒྱལ་ཁབ་ཀྱི་དགོས་མཁོ་ཡང་ཡིན། ཞང་ཀང་གི་དར་རྒྱས་བརྟན་འཇགས་ལ་ཕན་པ་ཡོད་པ་དང་། ནང་ལོག་དང་ཞང་ཀང་བར་དུ་གཉིས་ཕན་ཁ་གསབ་བྱེད་པར་ཕན་པ་ཡོད་པ། ཞང་ཀང་གི་དཀྱིལ་སྙིང་ཆེན་པོ་གསུམ་གྱི་གོ་གནས་སྲ་བརྟན་དང་ཇེ་མཐོར་གཏོང་བར་ཕན་པ་ཡོན་པ་ཞིག་ཡིན་ན། ཀྲུང་དབྱང་སྲིད་གཞུང་གིས་སྔོན་ཆད་དང་འདྲ་བར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། ལིན་ཀྲིན་ཡའོ་ཨི་ཡིས་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞང་ཀང་གི་ཡུན་རིང་འཕེལ་རྒྱས་ལ་ནན་ཏན་སྒོས་འཆར་འགོད་བྱས་ནས་ཞང་ཀང་གི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས། དམངས་ཚིས་ལེགས་བཅོས་བྱེད་པར་སྔར་ལས་ཡིད་འཇོག་ཆེན་པོ་བྱས་ནས་ཞང་ཀང་གི་མང་ཚོགས་ལ་ཁེ་ཕན་གང་མང་སྐྲུན་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་དངུལ་ལོར་གནས་བབ་ཀྱི་འགྱུར་ལྡོག་ལ་ཡིད་འཇོག་ཆེན་པོ་བྱས་ནས། ཞང་ཀང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བརྟན་འཇགས་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།

    ལིན་ཀྲིན་ཡའོ་ཨི་ཡིས་ཀྲུང་དབྱང་སྲིད་གཞུང་གིས་ཁོ་མོ་སྲིད་འཛིན་དཔོན་པོར་བསྐོས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ཀྲུང་དབྱང་སྲིད་གཞུང་གི་ཡིད་ཆེས་དང་ཞང་ཀང་གྲོང་ཁྱེར་སྡོད་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཚུལ་བསྟན།

   ཡང་ཅིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་གནང་བའི་མཛད་སྒོར་མགོ་འཛིན་བྱས་པ་དང་ཡང་ཅེ་ཁྲི་མཇལ་འཕྲད་ལ་ཞུགས།
 
ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།