ཀྲང་ཀའོ་ལིས་ཀྱིས་ཨེ་སོ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཐ་ལིན་གྲོང་ཁྱེར་ནས་ཨེ་སོ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཐ་ལིན་གྲོང་ཁྱེར་ནས་ཨེ་སོ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཐ་ལིན་གྲོང་ཁྱེར་ནས་ཨེ་སོ་ནི་ཡའི་ཙུང་ལི་ལ་ཐ་སི་དང་གྲོས་མོལ་མཛད།

ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཐ་ལིན་གྲོང་ཁྱེར་ནས་ཨེ་སོ་ནི་ཡའི་ཙུང་ལི་ལ་ཐ་སི་དང་གྲོས་མོལ་མཛད།

      གདན་དྲངས་པ་ལྟར་ཨེ་སོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་གསུམ་ཉིན་ཐ་ལིན་གྲོང་ཁྱེར་ནས་ཨེ་སོ་ནི་ཡའི་ཙུང་ཐུང་ཁ་ལིག་ལེ་ཏི་ལ་མཇལ་འཕྲད་གནང་།

      མཇལ་འཕྲད་གནང་སྐབས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ན་ནིང་ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨེ་སོ་ནི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པར་རྟེན་འབྲེལ་ཞུས་པ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བརྟན་འཇགས་ཡིན་པའི་དུས་སྐབས་གསར་བར་སླེབས་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་སོ་ནི་ཡའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཨེ་སོ་ནི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཕྱོགས་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་གང་མང་ལེན་པ་དང་། ཀྲུང་གོ་དང་ཨེ་སོ་ནི་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

     ཁ་ལིག་ལེ་ཏི་ཡིས་བཤད་རྒྱུར། ཨེ་སོ་ནི་ཡ་དང་ཀྲུང་གོས་འབྲེལ་བ་བཙུགས་པའི་ཚུན་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་བ་དང་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ཨེ་སོ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རིམ་པ་སོ་སོའི་མཉམ་ལས་དང་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གོ་སྐབས་སུ་བཟུང་སྟེ་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་སྐྱེད་འདོད་ཡོད། ཨེ་སོ་ནི་ཡ་དང་ཀྲུང་གོ་བར་གྱི་མཉམ་ལས་དེ་མ་འོངས་པར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མོ་ལ་ཡིད་ཆེས་ཡོད་ཟེར།

     ཉིན་དེར་ཀྲང་ཀའོ་ལིས་ཀྱིས་ད་དུང་ཨེ་སོ་ནི་ཡའི་ཙུང་ལི་ལ་ཐ་སི་དང་གྲོས་མོལ་མཛད། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་སོ་ནི་ཡས་མཉམ་ལས་ཁྱད་སྟོབས་ཁ་གསབ་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་སོ་ནི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་མ་ཟད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་ཉོ་ཚོང་། ཐོན་ནུས། ཞིང་ལས། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་སྐྱེད་འདོད་ཡོད་ཟེར།

     ལ་ཐ་སི་ཡིས་བཤད་རྒྱུར། དེང་སྐབས་ཨེ་སོ་ནི་ཡ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་འགྲིམ་འགྲུལ། ཕྱོགས་གསུམ་པའི་ཚོང་ར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཨེ་སོ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། ཡོ་རོབ་གླིང་མནའ་མཐུན་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བའི་སྐབས་སུ་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།