ཞི་ཅིན་ཕིང་གིས་ཧན་པའོ་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཐུག་འཕྲད་བྱས།

 ༡.jpgརྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བརྒྱད་ཉིན་དུས་བཅད་ལྟར་ཧན་པའོ་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཐུག་འཕྲད་བྱས།

༡.jpgརྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བརྒྱད་ཉིན་དུས་བཅད་ལྟར་ཧན་པའོ་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཐུག་འཕྲད་བྱས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བརྒྱད་ཉིན་དུས་བཅད་ལྟར་ཧན་པའོ་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཐུག་འཕྲད་བྱས།

 

     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ཀྱི་ཁྱིམ་མཚེས་གལ་ཆེན་ཡིན། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བདེ་ཐང་ངང་གོང་འཕེལ་དུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ཡོད་ལ། ཨེ་ཤ་ཡ་གླིང་དང་འཛམ་གླིང་ལ་ཤན་ཤུགས་གལ་ཆེན་ལྡན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན་པ་དང་། སང་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀྱིས་འགན་འཁྲིའི་འདུ་ཤེས་དང་འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པར་དམིགས་ཤིང་། བར་ཆད་ཡོངས་སུ་སེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་ལེགས་བཅོས་དང་གོང་འཕེལ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

 

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ཞེ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྙོག་འཛིང་ཆེ་ཞིང་ཚབས་ཆེ་བའི་ཉམས་སད་ཐེག་ནས་ཡུན་རིང་པོར་གོང་འཕེལ་དུ་སོང་སྟེ། དགེ་མཚན་ལྡན་པའི་ཉམས་མྱོང་དང་བློ་བསྐྱེད་མི་ཉུང་བ་བཞག་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་བར། ཕྱོགས་གིས་ཀྱིས་དུས་བབས་ལ་བསྟུན་པ་དང་། ཁྱོན་ཡོངས་དང་ཡུན་རིང་ལ་དམིགས་ཏེ། འཐབ་ཇུས་ཀྱི་ཐད་ནས་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་དམ་པོར་འཛིན་དགོས་པ་མ་ཟད། འགུལ་སྐྱོད་ཀྱི་ཐད་ནས་ཀྱང་ཏན་ཏན་ཏིག་ཏིག་གིས་འབད་བརྩོན་བྱེད་དགོས། འཇར་ན་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་འདོད་བློ་དེ་སྲིད་ཇུས་དང་ལག་ལེན་གྱི་ཐད་ནས་མཚོན་པར་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་རྨང་གཞི་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བའི་ཚུན་ལ། ཀྲུང་གོ་དང་འཇར་པན་གཉིས་ཀྱིས་སྔ་གཞུག་ཏུ་ཆབ་སྲིད་ཀྱི་ཡིག་ཆ་བཞི་དང་རྩ་དོན་བཞིའི་ཐུན་མོང་ལྟ་བ་བཀོད་དེ། ལོ་རྒྱུས་དང་ཐའེ་ཝན་སོགས་ཀྱི་གནད་དོན་འོས་འཚམ་སྒོས་ཐག་གཅོད་པའི་ཐད་རྩ་དོན་གཏན་ཁེལ་བྱས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིའི་གནད་དོན་གལ་ཆེན་ཐད་ནས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བ་དང་། ཕྱིར་སྣུར་དེ་ལས་ཀྱང་བྱེད་མི་རུང་། དེ་ལྟར་བྱས་ན་ཀྲུང་གོ་དང་འཇ་པན་གྱི་འབྲེལ་བ་ད་གཟོད་ཡང་དག་པའི་ལམ་དུ་མདུན་སྐྱོད་བྱེད་ཐུབ། འཇར་པན་ཕྱོགས་ཀྱི་དམ་བཅའ་བརྩི་སྲུང་བྱས་ཏེ་སྒྲིག་ལམ་ལྟར་བྱ་བ་བསྒྲུབ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

     ཞི་ཅིན་ཕིང་གིས་བསྟན་དོན། འབྱོར་ཚོང་མཉམ་ལས་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་སྒུལ་ཤུགས་ཡིན་པས། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་སྤེལ་དགོས། ང་ཚོས་འཇར་པན་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཏུ་ཀྲུང་གོའི་བར་མཉམ་ལས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་སློབ་གསོ། སྨྱན་བྱེད། ས་གནས། ན་གཞོན་ལོ་ཆུང་སོགས་ཁྱབ་ཁོངས་ནས་བརྗེ་རེས་རྒྱ་ཆེར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

     ཨན་པེ་ཅིན་སན་གྱིས་བཤད་རྒྱུར། ད་ལོའི་འཇར་པན་དང་ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ཞེ་ལྔ་ལོན་པ་དང་སང་ལོར་འཇར་པན་དང་ཀྲུང་གོའི་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་དེ་ལོ་བཞི་བཅུ་འཁོར་བའི་སྐབས་སུ། འཇར་པན་གྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་མ་ཟད་རྐྱེན་སྲོལ་རང་བཞིན་གྱི་བརྗེ་རེས་སྤེལ་ནས། འབྱོར་ཚོང་དང་དངུལ་རྩ། ཡུལ་སྐོར་སོགས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་རྒྱུ་མ་ཟད། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་མཉམ་ལས་བྱས་ཏེ། ན་གཞོན་བར་གྱི་བརྗེ་རེས་རྒྱ་བསྐྱེད་པ་སོགས་བརྒྱུད་ནས་རྒྱལ་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད། འཇར་པན་གྱིས་གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་འཇར་པན་དང་ཀྲུང་གོའི་མཉམ་འབྲེལ་གསལ་སྒྲོག་ཁྲོད་གསལ་བཤད་བྱས་པའི་ཐའེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་མེད་ཟེར།

     དབྱང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།