ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་།

ཟླ་བདུན་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཇར་མན་གྱི་ཧན་པའོ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་དང་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ་ཞེས་པའི་གཏམ་བཤད་གལ་ཆེན་གནང་།

ཟླ་བདུན་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཇར་མན་གྱི་ཧན་པའོ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་དང་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ་ཞེས་པའི་གཏམ་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕིང་གིས་གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་བདུན་ཉིན་འཇར་མན་གྱི་ཧན་པའོ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་དང་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ་ཞེས་པའི་གཏམ་བཤད་གལ་ཆེན་གནང་། ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་སྔོག་འདོན་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སྔར་ལས་བཟོད་སྒོམ་ཅན་དུ་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ། མཉམ་དུ་ཡར་རྒྱས་གོང་འཕེལ་དུ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

     མཐོ་རིམ་གྲོས་ཚོགས་མགོ་མ་བརྩམས་གོང་། ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་གཞན་པ་དང་རིམ་པ་བཞིན་དུ་ཚོགས་རར་བསླེབས་པ་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བསུ་བ་ཞུས།

     ས་དེའི་ཕྱི་དྲོའི་དུས་ཚོད་གཅིག་གི་སྟེང་མཐོ་རིམ་གྲོས་ཚོགས་ཚོགས་མགོ་བརྩམས། མའོ་ཁི་ཨར་གྱིས་མགོ་འཛིན་བྱས། མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་མཉམ་འབྲེལ་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཞེས་པ་དེ་ཡིན། གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་ཉོ་ཚོང་། རྒྱུན་མཐུད་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག ནུས་ཁུངས་སོགས་གྲོས་དོན་ལ་གྲོས་བསྡུར་བྱས།

     ཞི་ཅིན་ཕིང་གིས་གཏམ་བཤད་སྐབས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་ཡོད། དེ་དང་མཉམ་དུ་འཛམ་གླིང་གི་དཔལ་འབྱོར་ཁྲོད་ཀྱི་གཏིང་ཟབ་པའི་གནད་དོན་ད་རུང་ཐག་གཅོད་བྱས་མེད་པས། བརྟན་འཇགས་མིན་པའི་རྒྱུ་རྐྱེན་མང་པོ་སྔར་བཞིན་གནས་ཡོད། འགྲན་རྩོད་ཀྱི་མདུན་དུ་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་སྟེང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཇུས་གཞི་སྟེ་གསར་གཏོད་དང་གསོན་ཤུགས། མཉམ་འབྲེལ། བཟོད་སྒོམ་བཅས་ཀྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་གཏན་ལ་ཕབ། ཧན་པོ་མཐོ་རིམ་གྲོས་ཚོགས་ནས་མཉམ་འབྲེལ་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པ་ནང་དོན་གཙོ་བོར་བཟུང་སྟེ། ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་ནང་དོན་དང་གཅིག་མཚུངས་ཡིན་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་འདུ་ཤེས་དེ་དག་བྱ་སྤྱོད་དངོས་སུ་སྒྱུར་དགོས་པ་དང་། གཅིག་ནི་ང་ཚོས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་ང་ཚོས་མཉམ་དུ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་སྔོག་འདོན་བྱེད་དགོས། གསུམ་ནི་ང་ཚོས་ལག་གདང་སྦྲེལ་ཏེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་བཟོད་སྒོམ་ཅན་དུ་གཏོང་དགོས། བཞི་ནི་ང་ཚོས་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན་ཟེར།

    གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་རྣམས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་ལོར་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་ཆེ་ཞིང་ནུས་པ་དྲག་པོ་ལྡན་པས། མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་ཐུན་མོང་གི་ལྟ་བ་དང་གྲུབ་འབྲས་ལག་ལེན་མཐར་ཕྱིན་བྱས་ནས། སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་དང་སློབ་གསོ་ལ་ཤུགས་སྣོན་པ། ཀུན་ཕན་ཉོ་ཚོང་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དངུལ་ལོར་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་དགོས་པའི་ཚུལ་བསྟན།

    མཐོ་རིམ་གྲོས་ཚོགས་ཀྱི་སྔོན་ལ། ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱས།

    ཝང་ཡང་དང་དབྱང་ཅེ་ཁྲི། ཀྲིག་ཞའོ་ཁྲོན་བཅས་གོང་གི་བྱ་འགུལ་ཁྲོད་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།