ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཏང་གི་དར་ཆའི་འོག་ཏུ་ཞེས་པ་དེ་པེ་ཅིན་ནས་བསྡུས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ཏེ་ལོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཏང་གི་དར་ཆའི་འོག་ཏུ་ཞེས་པ་དེ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ཀྱིས་རྒྱལ་སའི་ལས་རིགས་སོ་སོའི་ལྟད་མོ་བ་སྟོང་གསུམ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས།

འཁྲབ་སྟོན་འགོ་མ་བརྩམས་གོང་། ཞི་ཅིན་ཕིང་སོགས་ཀྱིས་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པའི་འཐུས་ཚབ། བརྒྱད་གཅིག་གཟེངས་རྟགས་ཐོབ་མཁན་བཅས་ལ་བརྩེ་བའི་ལག་འཇུ་བྱས།

     མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ལ། ཉིས་ཐོག་གི་གཟིགས་སྟེགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱས་ཏེ། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་རྩེ་གྲས་དམག་དཔུང་དུ་འཛུགས་སྐྲུན་བྱེད་པ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བྲིས་པའི་འཕྲེད་བྱང་བཀལ་ཡོད། གར་སྟེགས་ཀྱི་དཀྱིལ་དུ་མཚམས་སྤྲིན་གྱི་འོད་མདངས་འོག་ན་ལྕགས་རི་རིང་པོ་རྔམ་བརྗིད་ཀྱིས་འགྱིངས་ཤིང་། འཐབ་མོ་བ་ཚོས་དར་ཆ་མཐོན་པོར་སྒྲེང་ནས་འབད་བརྩོན་གྱིས་མདུན་དུ་སྐྱོད་པའི་གཟུགས་བརྙན་གསོན་ཉམས་ལྡན། གར་སྟེགས་ཀྱི་ལོགས་གཉིས་སུ་མདའ་ལྟར་དྲངས་པའི་རྡོ་ཡི་ཀ་བས་འོད་དུ་འཚེར་བའི་བརྒྱད་གཅིག་གཟེངས་རྟགས་མཐོ་རུ་བཏེགས་ཡོད་ལ། 1927ནས2017ཞེས་པའི་ཡི་གེ་དམར་པོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལོ་ངོ་དགུ་བཅུའི་དཀའ་སྤྱད་ཀྱི་ལོ་རྒྱུས་མཚོན་ཡོད།

     དུས་ཚོད་བཅུ་དགུ་དང་སྐར་མ་ང་ལྔའི་སྟེང་། དགའ་སྤྲོའི་མགྲོན་བསུའི་རོལ་དབྱངས་གྲགས་པ་དང་མཉམ་དུ། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་ཚོམས་ཆེན་དུ་ཐོན་ནས། འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པའི་འཐུས་མི། བརྒྱད་གཅིག་གཟེངས་རྟགས་ཐོབ་མཁན་བཅས་ལ་བརྩེ་བའི་ལག་འཇུ་བྱས་པ་དང་། ཁོ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

     ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ་སྟེ། མདུན་སྐྱོད། མདུན་སྐྱོད། མདུན་སྐྱོད། ང་ཚོའི་དཔུང་སྡེ་ཉི་མར་ཕྱོགས་ཡོད། མེས་རྒྱལ་གྱི་ས་གཞི་ཞབས་ཏུ་མནན་ཡོད། མི་རིགས་ཀྱི་རེ་བ་རྒྱབ་ཏུ་འཁུར་ཡོད། ང་ཚོ་ནི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཡིན་ཞེས་པའི་དབྱངས་འགྲོས་སྙན་མོ་དང་བསྟུན་ནས་དགོང་ཚོགས་དངོས་སུ་འགོ་བརྩམས།

     དགོང་ཚོགས་ཀྱིས་ཚན་པ་བཞི་བརྒྱུད་དེ་ཏང་གི་དར་ཆའི་མཛུབ་སྟོན་འོག་ཏུ་མི་དམངས་དམག་དཔུང་ཆུང་བ་ནས་ཆེ་བ་དང་། ཉམ་ཆུང་ནས་སྟོབས་ཅན་དུ་གྱུར་ཏེ་རྒྱུན་ཆད་མེད་པར་རྒྱལ་ཁ་བླངས་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྗོད་ཡོད།

     པེ་ཅིན་ན་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་      ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཀྱིས་དགོང་ཚོགས་ལ་བལྟས།

     དགོང་ཚོགས་ལ་ལྟ་མཁན་ནང་དུ་ད་དུང་འཐབ་མོ་བ་རྒན་པ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི། བློ་མཐུན་རྒན་པ། དམག་དཔུང་གི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ། དམངས་དམག་རྒན་པ་དང་དམག་དཔུང་གི་དཔའ་བོ་དཔེ་ལེགས་ཅན། རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མིག་དཔེ། རྒྱལ་ཡོངས་ཀྱི་དམག་དཔུང་ལས་སྒྱུར་ལས་བྱེད་པའི་མིག་དཔེ་འཐུས་མི། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་ཚབ་བཅས་ཡོད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།