ཡུས་ཀྲིན་ཧྲིན་གྱིས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མི་དམངས་གྲོས་ཁང་གི་གྲོས་དཔོན་ལ་ཐུག་འཕྲད་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མི་དམངས་གྲོས་ཁང་གི་གྲོས་དཔོན་ཝུན་མེན་ལ་ཐུག་འཕྲད་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་མི་དམངས་གྲོས་ཁང་གི་གྲོས་དཔོན་ཝུན་མེན་ལ་ཐུག་འཕྲད་བྱས།

      སྤྱི་ཟླ3པའི་ཚེས24ཉིན། མཚོ་ནུབ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་ནུབ་རྒྱང་སྒྲོག་བརྙན་ཁང་གཉིས་ཀྱིས་གསར་རྩོམ་བྱས་ཤིང་། མཚོ་སྔོན་རི་དཀར་པོ་གློག་བརྙན་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟི་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ།     ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་བཅས་ཀྱིས་རོགས་སྒྲུབ་གནང་ནས་ཕབ་སྐྲུན་བྱས་པའི་བོད་ཁུལ་གྱི་ཁྲིམས་ལུགས་དང་སློབ་གསོེའི་སྐོར་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་འཚར་ལོངས་སྐྱ་བོ་ཞེས་པའི་ལྟ་ཞིབ་གཟིགས་འབུལ་དང་བསམ་ཚུལ་བརྗེ་རེས་ཚོགས་འདུ་ཟི་ལིང་དུ་བསྡུས།
ཚོགས་འདུའི་སྟེང་མི་རིགས་སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ་སྐོེར་ཅིག་དང་ཞིང་ཆེན་རིམ་པའི་སྨྱན་བྱད་ལས་ཁུངས་སོ་སོའི་མགོ་ཁྲིད། དེ་མིན་གློག་བརྙན་ལས་རིགས་ཀྱི་ཆེད་མཁས་པ་དང་འཁྲབ་ཁྲིད་པ་མང་པོ་ཞིག་ཞུགས་ཡོད་ལ། མགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་ད་རེབ་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདིའི་བརྗོད་དོན་དང་མི་སྣའི་སྣང་བརྙན། བརྙན་ཕབ། སྒྲིག་སྦྱོར་སོགས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། མུ་འབྲེལ་བརྙན་འཕྲིན་ཟློས་གར་འདིའི་བརྗོད་གཞིི་དེ་དུས་རབས་ཀྱི་གོམ་འགྲོས་དང་བོད་ཀྱི་ད་ལྟའི་སྤྱི་ཚོགས་ཁྲོད་བྱུང་དང་འབྱུང་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་གཉིས་ཟུང་དུ་སྦྲེལ་ཡོད་ལ། མུ་འབྲེལ་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་མི་སྣ་དག་གི་བྱ་སྤྱོད་དང་སྐད་ཆ་སོགས་ཀྱང་གནད་ལ་ཁེལ་ཞིང་གསོན་ཉམས་ཀྱི་རང་བཞིན་ལྡན་པའི་ཁར། བོད་རང་གི་སྐད་ཆ་བཤད་སྟངས་དངོས་མ་དེ་ཇི་བཞིན་དུ་ཐོན་ཡོད་པ། གློག་བརྙན་ཁྲོད་སྦྲ་ནག་དང་སློབ་གྲྭ སྨན་ཁང་། རྒྱན་འཇོག་ཁང་། དྲ་ཁང་སོགས་ཁོར་ཡུག་མི་གཅིག་པ་ནས་བྱུང་བའི་དོན་རྐྱེན་དང་གཏམ་གླེང་ལས་ལྟ་མཁན་དག་ལ་དགའ་སྐྱོ་ཆགས་སྡང་གི་འགྱུར་བག་མངོན་གསལ་སྟེར་ཐུབ་པ། དེ་སྔོན་གྱི་གློག་བརྙན་མང་པོ་ཞིག་དང་མི་འདྲ་བར་གློག་བརྙན་འདིའི་ཁ་གཏད་ཡུལ་དེ་བོད་ཁུལ་ཡིན་པ་དང་། ཕན་གདགས་ས་དང་ཞབས་ཕྱི་སྒྲུབ་ཡུལ་དེ་ཡང་བོད་ས་གནས་རང་ཡིན་པས། གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་པ་རེད།      དེ་མིན་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདིར་ཁྲིམས་ལུགས་ཀྱི་ཤེས་བྱ་དང་ཁྱིམ་ཚང་སློབ་གསོའི་སྐོར་གཙིགས་སུ་བཟུང་ནས་བརྗོད་ཡོད་པས་གཞན་ལས་ལྷག་པའི་དགེ་མཚན་ཆེན་པོ་ལྡན་པ་རེད་ཅེས་དགེ་རྒན་ཆེན་པོ་དག་དང་ཆེད་མཁས་པ་རྣམས་ཀྱིས་ནན་ཀྱིས་བཤད།
མུ་འབྲེལ་བརྙན་འཕྲིན་ཟློས་གར་འདིའི་འཁྲབ་ཁྲིད་པ་བསོད་རྡོ་ལགས་ལ་མཚོན་ནའང་བོད་ཀྱི་ད་ལྟའི་སྤྱི་ཚོགས་སྟེང་འབྱུང་བཞིན་པའི་གནས་ཚུལ་མི་ལེགས་པ་དག་ལ་དམིགས་ནས་དེ་སྔོན་ཡང་གློག་བརྙན་༼མཐར་མཇུག་གི་སྦྲ་ནག༽དང༼སྐྱིད་སྡུག་གི་ལོ་ཟླ༽གཉིས་ཕབ་སྐྲུན་ལེགས་འགྲུབ་བྱས་ནས་བོད་ཁམས་ཀྱི་ལྟ་མཁན་དག་གི་སྤྱན་ལམ་དུ་བསྟར་བ་དང་། ད་རེབ་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདི་ཡང་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་ནང་དུ་ཁྲིམས་ལུགས་ཀྱི་ཤེས་བྱ་ཡོངས་ཁྱབ་དུ་སྤེལ་བ་ནས་བཟུང་། སྤྱི་དམངས་ཡོངས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་མི་དམངས་མང་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་ཤེས་བྱ་ངེས་ཅན་བློར་ངེས་ཀྱི་ཡོད་པ་དང་། དོན་ཅི་ཡིན་ཡང་ཁྲིམས་ལ་བརྟེན་ནས་སྒྲུབ་དགོས་པ་སོགས་ལ་གོ་རྟོགས་ཆེན་པོ་སྐྱེས་ཡོད་པ་རེད། འོན་ཀྱང་དེ་དག་ནི་དེང་དུས་སུ་རྒྱལ་ཁབ་ཀྱིས་ཁྲིམས་སྐྱོང་བྱེད་བཞིན་པའི་རེ་འདུན་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་ལ། ལྷག་པར་ནུབ་རྒྱུད་ས་ཁུལ་དང་། གྲངས་ཉུང་མི་རིགས་ས་ཁུལ་བཅས་སུ་རིག་གནས་སློབ་གསོའི་ཆུ་ཚད་དོ་མཉམ་མིན་པ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་སྔར་བཞིན་ཞན་པ། ཁྲིམས་ལུགས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མེད་པ། རོང་འབྲོག་ས་ཁུལ་གྱི་ན་གཞོན་ཕོ་མོ་རྣམས་ཀྱིས་ཁྱིམ་ཚང་ལ་འགན་ཁུར་བའི་འདུ་ཤེས་ཞན་པ། གཉེན་འཐོར་ཚད་ཀྱི་ཡོངས་ཁྱབ་ཀྱིས་ཇེ་མཐོར་འགྲོ་བཞིན་ཡོད་པ། བུ་ཕྲུག་ལ་གཉོར་སྐྱོང་བྱེད་པ་དང་སློབ་གསོ་གཏོང་བའི་འགན་ཁུར་གྱི་འདུ་ཤེས་ཞན་པ་སོགས་ལས་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། མ་འོངས་པར་བོད་ཁུལ་དུ་མི་རྣམས་ཀྱིས་ཁྲིམས་ལུགས་དང་ཁྱིམ་ཚང་སློབ་གསོ་གཙོར་བཟུང་སྟེ། གཉོམ་ལག་རྒྱས་བཞིན་པའི་ན་ཆུང་ཚོར་བདེ་ཐང་ངང་འཚར་ལོངས་འབྱུང་སའི་ཁོིར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པར་དམིགས་ནས་འཚར་ལོངས་སྐྱ་བོ་ཞེས་པའི་ལེའུ་བདུན་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདི་ཕབ་སྐྲུན་བྱས་པ་རེད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།