ཀྲང་ཏི་ཅང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ཁ་ཤས་ལ་མཉམ་དུ་མཇལ་འཕྲད་གནང།

ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་གྲོས་ཚོགས་སུ་ཞུགས་པའི་ཞོར་དུ་གྲོས་ཁང་གི་འགོ་ཁྲིད་ཀྱི་འགན་འཁུར་བའི་ཕྱི་རྒྱལ་སྲིད་ཏང་གི་འགོ་ཁྲིད་པ་ཁ་ཤས་ལ་མཉམ་དུ་མཇལ་འཕྲད་གནང།

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་གྲོས་ཚོགས་སུ་ཞུགས་པའི་ཞོར་དུ་གྲོས་ཁང་གི་འགོ་ཁྲིད་ཀྱི་འགན་འཁུར་བའི་ཕྱི་རྒྱལ་སྲིད་ཏང་གི་འགོ་ཁྲིད་པ་ཁ་ཤས་ལ་མཉམ་དུ་མཇལ་འཕྲད་གནང་།

    ཀྲང་ཏི་ཅང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་རིམ་གྲོས་མོལ་གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འདུ་ཤེས་དང་འདོད་བློ་ཁྱོན་ཡོངས་ནས་རྒྱས་བཤད་མཛད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ཞིག་ཏུ་བརྩི་བ་མཚོན་པར་བྱས་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་ཡར་ཐོན་ཡོང་བར་བྱེད་པར་རོགས་རམ་བྱེད་ཐུབ། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་རྒྱལ་ཁབ་སོ་སོའི་གྲོས་ཁང་དང་རྒྱལ་སྤྱིའི་གྲོས་ཁང་རྩ་འཛུགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་སྔར་ལས་བཟང་བོའི་མ་འོངས་པ་མཉམ་དུ་གསར་གཏོད་བྱེད་པར་ཧུར་ཐག་སྒོས་བྱས་རྗེས་འཇོག་འདོད་ཡོད་ཟེར།

    ཕྱི་རྒྱལ་ཕྱོགས་ཀྱི་འཐུས་མིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་དང་འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་བོར་བསྟན་པས། ང་ཚོ་དེར་ཧ་ཅང་འཐད་པ་ཡིན་ལ། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཉམ་དུ་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།