ལིས་ཁི་ཆང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས།

ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སོ་ཆིའི་ལོས་ཏིས་སིན་གྲོས་ཚོགས་ལྟེ་གནས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས།

ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སོ་ཆིའི་ལོས་ཏིས་སིན་གྲོས་ཚོགས་ལྟེ་གནས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས།

    ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཆི་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་ཙུང་ལིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས། ཨུ་རུ་སིའི་ཙུང་ལི་དང་ཧ་སག་སི་ཐན་གྱི་ཙུང་ལི། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ལི། ཐ་ཅི་ཁི་སི་ཐན་གྱི་ཙུང་ལི། བུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ལི། ཕ་ཁི་སི་ཐན་གྱི་ཙུང་ལི་དང་རྒྱ་གར་སྲིད་གཞུང་གི་འཐུས་མི་བཅས་གྲོས་ཚོགས་སུ་ཞུགས།

    ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོའི་ཟླ་དྲུག་པར་བསྡུས་པའི་ཨ་སི་ཐ་ན་མཐོ་རིམ་གྲོས་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་ཕྱོགས་སོ་སོའི་བར་མཐུན་སྒྲིལ་དང་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ། འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་བཅས་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། མཐོ་རིམ་གྲོས་ཚོགས་ཀྱི་རྗེས་སུ། ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར། ཕྱོགས་སོ་སོས་ཧུར་ཐད་སྒོས་རྒྱབ་སྐྱོར་བྱས་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་ཡོད་ཟེར།

    ལིས་ཁི་ཆང་གིས་ས་ཁུལ་རྒྱལ་ཁབ་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་ལ་གྲོས་གཞི་འདི་ལྟར་བཏོན། གཅིག་ནི་བདེ་འཇགས་དང་བརྟན་འཇགས་ཀྱི་ས་ཁུལ་ཁོར་ཡུག་ཧུར་ཐག་སྒོས་སྐྲུན་དགོས་པ་དང་། གཉིས་ནི་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པའི་མཉམ་ལས་མྱུར་དུ་ལག་བསྟར་བྱེད་དགོས། གསུམ་ནི་ཉོ་ཚོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། བཞི་ནི་མགྱོགས་མྱུར་དང་སྟབས་བདེའི་མཉམ་འབྲེལ་མཉམ་མཐུད་ཀྱི་གནས་བབ་ཆགས་པར་བྱེད་དགོས། ལྔ་ནི་ཐོན་ནུས་དང་གསར་གཏོད་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས། དྲུག་ནི་མི་གཞུང་བརྗེ་རེས་མཉམ་ལས་དམ་པོ་བྱེད་དགོས་པ་བཅས་རེད།

    ལིས་ཁི་ཆང་གིས་གྲོས་ཚོགས་སུ་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲོད་པ་དང་མཉམ་དུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ནོར་སྲིད། བདེ་འཇགས་བཅས་ཁྱབ་ཁོངས་མང་པོའི་མཉམ་ལས་གྲོས་མཐུན་དང་གྲོས་ཆོད་ལ་ཆོག་མཆན་བཀོད། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།