ཀྲུང་གོ་ཀྲི་གུང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ་པེ་ཅིང་ནས་ཚོགས་འགོ་བརྩམས།

ཀྲུང་གོ་ཀྲི་གུང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་པེ་ཅིང་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་གྱིས་ཚོགས་ཞུགས་འཐུས་མི་ཡོངས་ལ་འཇལ་འཕྲད་གནང་བ་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ།

ཀྲུང་གོ་ཀྲི་གུང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་པེ་ཅིང་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་གྱིས་ཚོགས་ཞུགས་འཐུས་མི་ཡོངས་ལ་འཇལ་འཕྲད་གནང་བ་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ།

    ཤིས་ཚིག་ནང་བཤད་རྒྱུར། ལོ་ལྔའི་ནང་། ཀྲི་གུང་ཏང་གིས་རང་སྟེང་གི་ཁྱད་ཆོས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། གཅིག་གྱུར་སྒོས་གནས་ལྔ་གཞི་གཅིག་སྤེལ་བའི་སྤྱི་ཁོག་བཀོད་སྒྲིག་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞི་སྤེལ་བའི་འཐབ་ཇུས་བཀོད་སྒྲིག་ལ་དོ་སྣང་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་ཐད་རྒྱབ་སྐྱོར་བྱེད་པ། ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། ཕྱིར་སྡོད་མི་སྣའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ནས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་སྤེལ་བ་མ་ཟད། བསམ་འཆར་གལ་ཆེན་མང་པོ་བཏོན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་མི་དམན་པ་བཞག་ཟེར།

     ཤིས་ཚིག་ནང་བཤད་རྒྱུར། ཀྲི་གུང་ཏང་གིས་རང་ཉིད་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤེལ་བ་དང་། མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཀྲུང་དབྱང་ཀྲུང་དབྱང་གིས་ཀྲི་གུང་ཏང་གི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཚན་ཁག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པར་བསྒྲེང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ། ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བྱེད་པ། རང་རྟོགས་སྒོས་ཏང་མང་མཉམ་ལས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱ་ཆེའི་ཁོངས་མི་ཡོངས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་འགོ་རྩོམ་པའི་ཐད་བྱས་རྗེས་གསར་བ་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ཟེར།

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཐེ་ཝན་མནའ་འབྲེལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལེན་ཝུན་དབྱི་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ།

     རྒྱལ་ཡོངས་སྲིད་གྲོས་ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་སྡོད་རང་མི་བཅས་ཨུ་ཡོན་ལྷན་ཁང་གི་ཀྲུའི་རིན་དབྱང་ཡན་ཡིན་གྱིས་ཀྲུང་དབྱང་ཕྱི་སྡོད་རང་མིའི་ལས་དོན་ལས་ཁུངས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

     གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝན་ཀང་གིས་ཀྲུང་གོ་ཀྲི་གུང་ཏང་སྐབས་བཅུ་བཞི་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

     གའོ་ཧྲིན་ཁུང་དང་ཡིག་ཆོན། ཧྲིན་ཡེའོ་ཡེའོ། ལུས་ཀྲན་གུང་བཅས་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

     ཐེངས་འདིའི་ཚོགས་འདུ་སྟེང་ཀྲི་གུང་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་དེར་གྲོས་ཞིབ་བྱེད་པ་དང་། «ཀྲུང་གོ་ཀྲི་གུང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འགོད་པ། ཀྲི་གུང་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པ་བཅས་བྱེད་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།