ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ཟླ་དང་པོའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མཱ་ཁི་ལུང་བཟའ་ཟླ་གཉིས་དང་མཉམ་དུ་བླངས་པའི་པར་རེད།

ཟླ་དང་པོའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མཱ་ཁི་ལུང་བཟའ་ཟླ་གཉིས་དང་མཉམ་དུ་བླངས་པའི་པར་རེད།

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

    རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཛའ་ཞིང་བརྩེ་བའི་སྣང་ཚུལ་ཁྲོད་གསུང་གླེང་ཞིབ་མོ་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་འོད་སྟོང་འབར་བའི་ལོ་རྒྱུས་དང་རིག་གནས་ཡོད་པའི་རྒྱལ་ཁབ་ཡིན། ལོ་གསར་བའི་འགོ་བརྩམས་མ་ཐག ཙུང་ཐུང་མཱ་ཁི་ལུང་ཐོག་དང་པོར་ཨེ་ཤ་ཡར་འཚམས་འདྲི་བྱེད་སྐབས་ཀྲུང་གོར་ཡོང་བ་འདིས། ཁྱེད་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཧྥ་རན་སི་ནི་ཀྲུང་གོ་གསར་བའི་བར་དུ་དངོས་སུ་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ་ཡིན། གཅིག་སྟོང་དགུ་བརྒྱ་རེ་བཞི་ལོར། ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་སྤྱི་ཏའེ་ཀའོ་ལི་གཉིས་ཀྱིས་ཆབ་སྲིད་ཀྱི་མིག་རྒྱང་རིང་པོས་རྒྱལ་ཁབ་གཉིས་བར་འབྲེལ་བ་འཛུགས་པའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་པ་དེས་སྐབས་དེའི་འཛམ་གླིང་གི་གནས་བབ་ལ་ཤན་ཤུགས་ཐེབས་པ་མ་ཟད། དེང་སྐབས་ཀྱི་འཛམ་གླིང་གི་འཕེལ་རྒྱས་ལ་ཡང་དོན་སྙིང་གལ་ཆེན་ལྡན། དུས་རབས་གསར་པར་ང་ཚོས་མུ་མཐུད་དུ་ལོ་རྒྱུས་ལ་འགན་ཁུར་བའི་འདུ་ཤེས་བཅངས་ཏེ། ཡང་དག་པའི་བགྲོད་ལམ་དུ་སྐྱོད་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས་ཟེར།

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་དུས་རིམ། རིག་གནས་སྲོལ་རྒྱུན་གྱི་ཁྱད་པར་བཅས་ལས་བརྒལ་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཆེར་བཏང་ཆོག་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཆོག ཀྲུང་གོས་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལ་དམིགས་ནས། ཧྥ་རན་སིའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

    མཱ་ཁི་ལུང་གིས་བཤད་རྒྱུར། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཀྲུའུ་ཞི་ཞི་ཅིན་ཕིང་བར་དུ་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་དང་། རྒྱལ་སྤྱིའི་གནད་དོན་གལ་ཆེན་གྱི་མཉམ་ལས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཧྥ་རན་སིས་ཀྲུང་གོ་དང་མཉམ་དུ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་གནས་པའི་འགྲན་རྩོད་ལ་ཁ་གཏད་འཇལ་བར་བྱས་རྗེས་འཇོག་འདོད་ཡོད། ཕྱོགས་གཉིས་ཀྱི་འབད་བརྩོན་འོག་ཏུ། ཐེངས་འདིའི་འཚམས་འདྲི་ནི་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

     ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། ཙུང་ཐུང་མཱ་ཁི་ལུང་གི་ལྕམ་མོ་པུའུ་ལེ་ཅི་ཐི་སོགས་མཇལ་འཕྲད་ལ་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།