རྒྱལ་ཁབ་ཀྱི་དགོས་མཁོ་དང་ཞང་ཀང་གི་དགེ་མཚན་ཞེས་པའི་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་གོ་སྐབས་མཉམ་སྐྲུན་བྱེད་པའི་གླེང་སྟེགས་པེ་ཅིན་ནས་བསྡུས།

  ཟླ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཞང་ཀང་རྒྱུད་གཅིག་ལམ་གཅིག་སྤྱིའི་ཚོང་ལས་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་ཞང་ཀང་གི་དགེ་མཚན་ཞེས་པའི་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་གོ་སྐབས་མཉམ་སྐྲུན་བྱེད་པའི་གླེང་སྟེགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཞང་ཀང་རྒྱུད་གཅིག་ལམ་གཅིག་སྤྱིའི་ཚོང་ལས་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་ཞང་ཀང་གི་དགེ་མཚན་ཞེས་པའི་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་གོ་སྐབས་མཉམ་སྐྲུན་བྱེད་པའི་གླེང་སྟེགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

     རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་གསུམ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཞང་ཀང་རྒྱུད་གཅིག་ལམ་གཅིག་སྤྱིའི་ཚོང་ལས་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་ཞང་ཀང་གི་དགེ་མཚན་ཞེས་པའི་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་གོ་སྐབས་མཉམ་སྐྲུན་བྱེད་པའི་གླེང་སྟེགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

     ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་གཞི་གཏན་ལ་ཕབ་ནས་ལོ་ལྔ་འགོར་བའི་རིང་ལ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག རྒྱུད་གཅིག་ལམ་གཅིག་ཅེས་པ་དེ་གཞུང་ལུགས་ཀྱི་ཕྱོགས་ནས་བྱ་སྤྱོད་ཀྱི་སྟེང་དུ་སྒྱུར་བ་དང་། རེ་འདུན་གྱི་ཕྱོགས་ནས་དོན་དངོས་ཀྱི་ཕྱོགས་སུ་སྒྱུར་ཡོད། ཞང་ཀང་དང་ཨོ་མིན་གཉིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་དང་ནང་ལོག་གི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་བཅས་ཀྱིས་རྒྱུད་གཅིག་ལམ་རྒྱུད་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། རྒྱལ་ཁབ་ཀྱི་དགོས་མཁོ་ལ་དམིགས་ཏེ། རང་འགུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་འདྲིས་བྱེད་དགོས་ལ། ཞང་ཀང་གི་དགེ་མཚན་འདོན་སྤེལ་བྱས་ནས། ཁྱད་སྟོབས་ཁ་གསབ་བྱེད་པའི་ནུས་པ་མཉམ་དུ་ཇེ་ཆེར་གཏོང་དགོས་པར་མ་ཟད། གསར་གཏོད་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ཕྱོགས་མང་མཉམ་ལས་ཀྱི་སྟེགས་བུ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། དར་གོས་བགྲོད་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། མི་གཞུང་བརྗེ་རེས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

     ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡོ་ཨིག་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཏ་ཝོ་སི་གླེང་སྟེགས་སྟེང་གནང་བའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་བྱས། ཞང་ཀང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་གཙོ་བོར་བཟུང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་ཞུགས་ནས། ས་བབ་དང་སྔོན་སྐྱོད། ཆེད་ལས་ཅན་གྱི་ཞབས་ཞུ། མི་གཞུང་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དངུལ་ལོར་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཁའ་འགྲུལ། དཔལ་འབྱོར་ཉོ་ཚོང་བརྗེ་རེས་དང་མཉམ་ལས། མཉམ་ལས་འབྲེལ་འདྲིས་སོགས་ཐད་ནས་རང་གི་ཁྱད་ཆོས་གཙོ་བོ་འདོན་སྤེལ་བྱས་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

     དབྱང་ཅེ་ཁྲི་དང་ཝང་ཡུང་། ཁྲིན་ཡོན། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས། ནང་ལོག་གི་ཁེ་ལས་ཁ་ཤས་ཀྱི་འགན་ཁུར་བ། ཚོང་ལས་ཚོགས་པ་དང་རྩ་འཛུགས་ཀྱི་འཐུས་མི་བཅས་གླེང་སྟེགས་དང་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།