ལིས་ཁི་ཆང་གིས་ཀྲུང་གོར་ཀྲུང་གོ་དང་ཧན་གོའི་ཁེ་ལས་པ་དང་མཐོ་རིམ་དཔོན་པོ་ཟུར་པའི་གྲོས་མོལ་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧན་གོ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧན་གོའི་ཁེ་ལས་པ་དང་མཐོ་རིམ་དཔོན་པོ་ཟུར་པའི་གྲོས་མོལ་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧན་གོ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བརྗེ་རེས་མཛད།

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧན་གོའི་ཁེ་ལས་པ་དང་མཐོ་རིམ་དཔོན་པོ་ཟུར་པའི་གྲོས་མོལ་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧན་གོ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བརྗེ་རེས་མཛད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧན་གོའི་ཁེ་ལས་པ་དང་མཐོ་རིམ་དཔོན་པོ་ཟུར་པའི་གྲོས་མོལ་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧན་གོ་ཕྱོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བརྗེ་རེས་མཛད། ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཟུར་པ་ཏེན་ཧྲི་ཅུན་དངSKཚོགས་པ། སན་ཞིན་གློག་རྡུལ། ཞན་ཏའེ་རླངས་འཁོར་སོགས་ཧན་གོའི་ཁེ་ལས་ཆེན་པོའི་འགན་ཁུར་པ་མཇལ་འཕྲད་དང་བཞུགས་མོལ་ལ་ཞུགས། 

    ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ནི་ཁྱིམ་མཚེས་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་ལ། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ལེགས་བཅོས་དང་འཕེལ་རྒྱས་ཀྱི་གནས་བབ་སྲུང་འཛིན་བྱས་ཡོད་ལ། ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་སོང་ཡོད་པ་དང་། ཀྲུང་གོ་དང་ཧན་གོའི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་གོ་སྐབས་གསར་བ་བྱུང་ཡོད། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས། འཛམ་གླིང་ཅན་ལས་ལྡོག་པའི་བསམ་ཕྱོགས་བཅས་ཀྱི་མགོ་བོ་འབུར་བའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་དང་ཧན་གོ་ནི་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན་པས། ལག་རྡང་མཉམ་སྦྲེལ་གྱིས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱས་ནས། ཉོ་འཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེན་ཅན་ལ་ཡར་སྐུལ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཅང་མ་འགོར་བའི་སྔོན་ལ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ནས་བྱུང་བའི་ཐུན་མོང་གི་ལྟ་བ་ལྟར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་འཚོང་ཁུལ་གྱི་གྲོས་མོལ་བརྟན་བརླིང་སྒོས་སྤེལ་ནས། རྒྱལ་ཁབ་གཉིས་དང་ས་ཁུལ། ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་ཡིད་ཆེས་དང་སྒུལ་ཤུགས་སྣོན་རྒྱུ་ནི་རེ་བ་ཡིན་ཟེར།

    ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་ཁྱད་སྟོབས་གསབ་རེས་ཀྱི་རང་བཞིན་ལྡན་པ་དང་། རྒྱལ་ཁབ་གིས་ཀྱི་ཁེ་ལས་བར་གྱི་མཉམ་ལས་ཀྱི་རྨང་གཞི་བརྟན་ལ་མདུན་ལྗོངས་རྒྱ་ཆེ། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་ཆེ་ནས་ཆེ་རུ་འབྱེད་རྒྱུ་ཡིན་ལ། སྲིད་གཞུང་གི་འགན་ནུས་སྔར་ལས་བསྒྱུར་བ་དང་། ཁྲོམ་རའི་གསོན་ཤུགས་སྔར་ལས་བསྐྱེད་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་གཅིག་གྱུར་གྱི་ལྟ་སྟངས་འཛིན་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱས་ནས། རྒྱུན་ཆད་མེད་པར་བྱེད་ཐབས་གསར་པ་འདོན་རྒྱུ་ཡིན། ཧན་གོའི་ཁེ་ལས་ཀྱིས་ཀྲུང་གོས་སྒོ་འབྱེད་ཀྱི་རྒྱ་སྔར་ལས་ཆེ་རུ་བསྐྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་བྱེད་པའི་གོ་སྐབས་དམ་དུ་བཟུང་ནས། ཀྲུང་གོའི་བར་གྱི་མཉམ་ལས་ཟབ་སྤེལ་དང་ཀྲུང་གོའི་དངུལ་གཏོང་རྒྱ་བསྐྱེད་དགོས། ལྷག་པར་དུ་ཀྲུང་གོའི་དབུས་ནུབ་རྒྱུད་ས་ཁུལ་གྱི་དངུལ་གཏོང་རྒྱ་བསྐྱེད་པ་དང་། གློག་རྡུལ་ཁྱབ་ཁོངས་ཀྱི་ཚབ་མཚོན་རང་བཞིན་གྱི་ལས་གཞི་ཆེན་པོའི་མཉམ་ལས་རྒྱ་བསྐྱེད་པ། ཕྱོགས་གསུམ་པའི་ཁྲོམ་ར་མཉམ་དུ་རྒྱ་བསྐྱེད་པ་བཅས་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་སྔར་ལས་བཟང་པོ་བྱེད་དགོས།

   ཧན་གོ་ཕྱོགས་ཀྱི་འཐུས་མིས་བསྟན་དོན། ཧན་གོ་དང་ཀྲུང་གོའི་ཁེ་ལས་པ་དང་མཐོ་རིམ་དཔོན་པོ་ཟུར་པའི་གྲོས་མོལ་ཐེངས་དང་པོར་ཕན་འབྲས་ཕུན་སུམ་ཚོགས་པ་ཐོབ་ནས། རྒྱལ་ཁབ་གགཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་མཉམ་ལས་ལ་སྟེགས་བུ་གསར་པ་འདོན་སྤྲོད་བྱེད་ངེས། ཧན་གོའི་ཁེ་ལས་ལས་རིགས་ཀྱིས་ཀྲུང་གོའི་གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལ་ཧ་ཅང་དོ་སྣང་བྱེད་བཞིན་ཡོད་ལ། ཀྲུང་གོས་ཚོང་གཉེར་ཁོར་ཡུག་སྔར་ལས་བཟང་པོ་སྐྲུན་པའི་འབད་བརྩོན་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་གྲུབ་ཚུལ་སྤོ་སྒྱུར་དང་ཐོན་ལས་རིམ་སྤོར། དཔལ་འབྱོར་སྒུལ་ནུས་གསར་པའི་ལས་རྣམ་གསར་པ་གོང་འཕེལ་ཆེན་པོ་འབྱུང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོའི་དངུལ་གཏོང་དང་གསར་སྐྲུན་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྱོར་ཚོང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་ལ་ཡར་སྐུལ་བྱེད་པ། འཛམ་གླིང་གི་རང་དབང་ཉོ་འཚོང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་བཟང་པོ་འཇོག་འདོད་ཡོད་ཟེར། 

    ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ལས་འཛིན་དཔོན་པོ་ཙིན་ཕེ་ཡན་གོང་གི་བྱ་འགུལ་ལ་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།