ཞི་ཅིན་ཕིང་གིས་ཁོ་ཝེ་ཐི་རྒྱལ་ཁབ་ཀྱི་ཨེ་མུས་ཨར་སཱ་པ་ཧི་དང་གྲོས་མོལ་མཛད།

ཟླ7པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོ་ཝེ་ཐི་རྒྱལ་ཁབ་ཀྱི་ཨེ་མུས་ཨར་སཱ་པ་ཧི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སཱ་པ་ཧི་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ7པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོ་ཝེ་ཐི་རྒྱལ་ཁབ་ཀྱི་ཨེ་མུས་ཨར་སཱ་པ་ཧི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སཱ་པ་ཧི་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོ་ཝེ་ཐི་རྒྱལ་ཁབ་ཀྱི་ཨེ་མུས་ཨར་སཱ་པ་ཧི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཁོ་ཝེ་ཐིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ཁོ་ཝེ་ཐིའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་མདུན་ལྗོངས་གསར་པ་བསྐྲུན་རྒྱུའི་ཐག་བཅད།

   ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁོ་ཝེ་ནི་སྐྱིད་སྡུག་མཉམ་མྱོང་བྱས་པའི་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་བདུན་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་རྟག་ཏུ་ལྷག་བསམ་རྣམ་དག་གིས་མཛའ་མཐུན་འགྲོ་འོང་བྱས་པ་དང་ཕན་ཚུན་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། དངོས་གཉེར་མཉམ་ལས་ཀྱི་ཟབ་ཚད་དང་ཡངས་ཚད་རྒྱུན་ཆད་མེད་པར་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད་ཟེར།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁོ་ཝེ་ཐི་ནི་མཚོ་ཁུགས་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་སྔར་བཞིན་དུ་ཁོ་ཝེ་ཐི་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་ཁོ་ཝེ་ཐིའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མཉམ་དུ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

   སཱ་པ་ཧི་ཡིས་བསྟན་དོན། ཁོ་ཝེ་ཐི་ཡིས་ཀྲུང་གོའི་བར་གྱི་ཡིད་ཆེས་ཇེ་ཆེར་གཏོང་བའི་རྨང་གཞིའི་སྟེང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བར་ཤུགས་བསྣན་ནས། མཚོ་ཁུགས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

   གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་ཝེ་ཐི་རྒྱལ་ཁབ་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

   གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སཱ་པ་ཧི་ལ་དགའ་བསུའི་མཛད་སྒོ་བསྡུས། དབྱང་ཅེ་ཁྲི་དང་ཚའོ་ཅན་མེན། ཝང་དབྱི། ཀུའུ་ཧྲིན་ཙུའུ་སོགས་མཛད་སྒོར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།