ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལོ་བཅུ་འགོར་བར་དྲན་གསོ་ཞུ་བའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལོ་བཅུ་འགོར་བར་དྲན་གསོ་ཞུ་བའི་དངོས་གཞི་མིན་པའི་གྲོས་ཚོགས་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ། པ་ཞིའི་ཙུང་ཐུང་ཐི་མཱེ་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མཱོ་ཏིས་བཅས་གྲོས་ཚོགས་ལ་ཞུགས།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལོ་བཅུ་འགོར་བར་དྲན་གསོ་ཞུ་བའི་དངོས་གཞི་མིན་པའི་གྲོས་ཚོགས་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ། པ་ཞིའི་ཙུང་ཐུང་ཐི་མཱེ་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མཱོ་ཏིས་བཅས་གྲོས་ཚོགས་ལ་ཞུགས།

    གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལོ་བཅུ་འགོར་བར་དྲན་གསོ་ཞུ་བའི་དངོས་གཞི་མིན་པའི་གྲོས་ཚོགས་ཚེས་ཉེར་བདུན་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ། པ་ཞིའི་ཙུང་ཐུང་ཐི་མཱེ་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མཱོ་ཏིས་བཅས་གྲོས་ཚོགས་ལ་ཞུགས།

    ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལོ་བཅུ་འགོར་བའི་རིང་ལ་མཉམ་ལས་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་བྱས་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་མ་འོངས་པའི་མཉམ་ལས་ཐད་བློ་འདོན་ཇུས་འབུལ་བྱས་ལ། ལག་རྡང་མཉམ་སྦྲེལ་གྱིས་དཀྱེལ་ཡངས་འཕར་སྣོན་དང་ཐུན་མོང་དར་རྒྱས་ཀྱི་མ་འོངས་པ་གསར་སྐྲུན་བྱེད་པར་མཉམ་དུ་འཐད་པ་བྱུང་།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། དུས་ཚོད་ཐུང་ངུ་ལོ་བཅུའི་རིང་ལ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དེ་དཔལ་འབྱོར་གྱི་གོ་དོན་ཞིག་ནས་ཤན་ཤུགས་གལ་ཆེན་ལྡན་པའི་རྒྱལ་སྤྱིའི་མཉམ་ལས་རྐྱེན་སྲོལ་དུ་གྱུར་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འོད་སྟོང་འབར་བའི་མདུན་ལྗོངས་མངོན་ཡོད། མ་འོངས་པའི་ལོ་བཅུ་ནི་གསེར་གྱོམ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གནད་འགག་གི་དུས་རིམ་དང་། གོ་སྐབས་དང་འགྲན་རྩོད་གལ་ཆེན་གནས་པའི་ལོ་བཅུ་ཡིན། གསེར་གྱོམ་རྒྱལ་ཁབ་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་གཞིར་དམ་དུ་དམིགས་པ་དང་། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ཀྱི་གོ་སྐབས་དམ་དུ་བཟུང་ནས། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་རྒྱས་ལ་བསྟུན་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་རྫོགས་ལྡན་གྱི་ལོ་བཅུ་སྐོར་གཉིས་པ་ཧུར་ཐག་གིས་བསྐྲུན་དགོས་ཟེར།

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་གོང་འཕེལ་ཆེན་པོ་གཏོང་དགོས་པ་དང་། གཏན་དུ་ལྷོད་གཡེང་དུ་གཏོང་མི་རུང་། དེའི་རྩ་བའི་སྒུལ་ཤུགས་ནི་ང་ཚོས་འཕེལ་རྒྱས་སྔར་ལས་ཆེན་པོ་གཉེར་བ་དང་། མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་གཏོང་བའི་ཐུན་མོང་གི་འཚོལ་སྙེག་ལས་བྱུང་བ་ཡིན་ལ།ང་ཚོས་ཡུན་རིང་གི་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ལ་བཅས་པའི་ཐུན་མོང་གི་རེ་སྨོན་ལས་བྱུང་བ་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་བརྟེན་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་བཏགས་ནས། རྫོགས་ལྡན་གྱི་ལོ་བཅུ་སྐོར་གཉིས་པར་ཁྱད་དུ་འཕགས་པའི་གྲུབ་འབྲས་ལེན་དགོས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།