ཞི་ཅིན་ཕིང་མའོ་ལི་ཆུག་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་བརྒྱུད་པརམ་ཟད་མཛའ་མཐུན་འཚམས་འདྲི་མཛད།

ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་ལི་ཆུག་སི་སྤྱི་མཐུན་རྒྱལ་ཁབ་ལ་ཐོན་ནས། དེའི་རྒྱལ་ཁོངས་བརྒྱུད་པར་མ་ཟད་མཛའ་མཐུན་འཚམས་འདྲི་མཛད།

ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་ལི་ཆུག་སི་སྤྱི་མཐུན་རྒྱལ་ཁབ་ལ་ཐོན་ནས། དེའི་རྒྱལ་ཁོངས་བརྒྱུད་པར་མ་ཟད་མཛའ་མཐུན་འཚམས་འདྲི་མཛད།

   ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་ལི་ཆུག་སི་སྤྱི་མཐུན་རྒྱལ་ཁབ་ལ་ཐོན་ནས། དེའི་རྒྱལ་ཁོངས་བརྒྱུད་པར་མ་ཟད་མཛའ་མཐུན་འཚམས་འདྲི་མཛད།

   ས་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅོ་ལྔའི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ལཱ་མུའུ་ཀུའུ་ལན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན། མའོ་ལི་ཆུག་སིའི་ཙུང་ལི་ཅ་ཀི་ནཱ་ཐི་གནམ་གྲུ་ཐང་དུ་བསུ་མར་ཐོན། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་དལ་གྱིས་གནམ་གྲུའི་སྐས་ལས་བབས་པ་ན། ཅ་ཀི་ནཱ་ཐི་དང་ལྕམ་མོ་ཁུ་པེ་ཐ་གཉིས་ཀྱིས་བསུ་མ་བྱས་པ་དང་། ཁུ་པེ་ཐ་ཡིས་ཕིན་ལིས་ཡོན་ལ་མེ་ཏོག་ཕུལ།

   ཅ་ཀི་ནཱ་ཐི་ཡིས་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས།

   རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། དམག་དཔུང་གི་རམ་དཀྲོལ་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཅ་ཀི་ནཱ་ཐི་ཡི་འགྲོ་རོགས་འོག་ཏུ། ཞི་ཅིན་ཕིང་གིས་གཟབ་སྦྲེངས་རུ་ཁག་ལ་གཟིགས་ཞིབ་མཛད། གཟིགས་ཞིབ་ཀྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་མཉམ་དུ་སྣེ་ལེན་ཚོམས་ཆེན་དུ་ཕེབས། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མའོ་ལི་ཆུག་སི་ཕྱོགས་ཀྱི་བསུ་མ་བྱེད་མཁན་རྣམས་ལ་ཕྱག་འཇུ་གནང་བ་དང་། ཅ་ཀི་ནཱ་ཐི་བཟའ་ཟླ་གཉིས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མི་སྣར་ལག་འཇུ་བྱས།

   རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བརྩེ་བའི་གསུང་གླེང་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ང་ཐོན་མ་ཐག་ཏུ་མའོ་ལི་ཆུག་སིའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་ཚོར་བྱུང་། ཀྲུང་གོ་དང་མའོ་ལི་ཆུག་སི་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་། ངས་སྐུ་ཞབས་ཙུང་ལི་དང་མཉམ་དུ་ཀྲུང་གོ་དང་མའོ་ལི་ཆུག་སིའི་འབྲེལ་བ་དང་། མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱེད་པར་རེ་སྒུག་བྱས་ཡོད་ཟེར། ཅ་ཀི་ནཱ་ཐི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་མའོ་ལི་ཆུག་སིའི་རྒྱལ་ཁོངས་བརྒལ་བར་མ་ཟད་མའོ་ལི་ཆུག་སི་ལ་མཛའ་མཐུན་འཚམས་འདྲི་མཛད་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་ཐོན་པར་སྣེ་ལེན་བྱེད་ཐུབ་པར་དགའ་སྤྲོ་སྐྱེས་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་པར་རེ་སྒུག་བྱས་ཡོད་ཟེར།

   ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་པར་མ་ཟད། ཡུའེ་ཧན་ནེ་སི་པའོ་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་པར་ཞུགས་རྗེས་མའོ་ལི་ཆུག་སི་ལ་འཚམས་འདྲིར་ཐོན་པ་རེད། ཡུའེ་ཧན་ནེ་སི་པའོ་དང་འབྲལ་སྐབས། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་གྲུ་ཐང་དུ་སོང་ནས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་སྐྱེལ་མ་བྱས།

   ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་གནམ་གྲུ་གཅིག་ཏུ་བསྡད་ནས་མའོ་ལི་ཆུག་སི་ལ་ཐོན།

   མའོ་ལི་ཆུག་སིའི་ཙུང་ལི་གཞོན་པ་དང་པོ་ཁི་ལན་ཏ་ཝེ་ལུའུ་དང་། ཁྲིམས་དཔོན་ཆེན་མོ་ཚབ་མ་པ་ལན་ཞི། གྲོས་དཔོན་ཧ་ནུའུ་མན་ཅི། ཕྱི་འབྲེལ་དཔོན་པོ་ཆི་མུས་ན་ལའེ་ཏུའུ་སོགས་ཀྱིས་གནམ་གྲུ་ཐང་ནས་བསུ་མ་བྱས།

   མའོ་ལི་ཆུག་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུན་གུང་དབྱི་ཡང་གནམ་གྲུ་ཐང་དུ་བསུ་མར་ཐོན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།