ལིས་ཀྲན་ཧྲུའུ་ཡིས་ཧྥུའུ་ཅན་ཞིང་ཆེན་གྱིས་བྱ་བར་རྟོག་ཞིབ་མཛད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲུང་ལིས་ཀྲན་ཧྲུའུ་ཡིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ལིས་ཀྲན་ཧྲུའུ་ཡིས་ཧྥུའུ་ཅན་ཅུའུ་ཏེན་ནུས་ཁུངས་གསར་བའི་ཚད་ཡོད་ཀུང་ཟི་རུ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲུང་ལིས་ཀྲན་ཧྲུའུ་ཡིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ལིས་ཀྲན་ཧྲུའུ་ཡིས་ཧྥུའུ་ཅན་ཅུའུ་ཏེན་ནུས་ཁུངས་གསར་བའི་ཚད་ཡོད་ཀུང་ཟི་རུ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

   ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲུང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ཧྥུའུ་ཅན་ཆོན་ཀྲིག་དང་ཧྥུའུ་ཀྲིག ནན་ཕིང་བཅས་སུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཞི་ཕིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་གྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྤེལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

   ལིས་ཀྲན་ཧྲུའུ་ཐོག་མར་ཅིན་ཅང་དུ་རྟོག་ཞིབ་བྱེད་དུ་སོང་། ཁོང་གིས་ལོ་བཅུ་དྲུག་གི་སྔོན་དུ། བློ་མཐུན་ཞི་ཅིན་ཕིང་གིས་ཅིན་ཅང་ཉམས་མྱོང་སྤྱི་སྡོམ་བྱས་ནས་ཕྱིར་བཏོན་པ་དང་། དེས་ཅིན་ཅང་དང་ཐ་ན་ཧྥུའུ་ཅན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་འགུལ་སྐྱོད་ཀྱི་ཁ་ཕྱོགས་འདོན་སྤྲོད་བྱས་པ་དང་། ད་ལྟའི་བར་དུ་ད་དུང་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་བྱ་བ་སྒྲུབ་སྐབས་ཀྱི་གསར་གཏོད་ཞུགས་ལུགས་དང་ལག་ལེན་ནི། རྩ་ཆེ་བའི་དགོངས་པ་དང་བསམ་པའི་རྒྱུ་ནོར་ཡིན་པས། རྒྱུན་དུ་སློབ་སྦྱོང་གསར་གཏོད་དང་བཀོལ་སྤྱོད་བྱེད་པ་དང་། ལག་ལེན་ཁྲོད་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཡུན་རིང་བོར་རྒྱུན་འཁྱོངས་དང་ལག་བསྟར་བྱེད་དགོས་ཟེར། ལིས་ཀྲན་ཧྲུའུ་ཡིས་ས་དེའི་དམངས་གཉེར་ཁེ་ལས་ལ་ལྟ་ཞིབ་མཛད་པ་དང་། ལས་བྱེད་པ་དང་མང་ཚོགས། ཁེ་ལས་བ་བཅས་དང་བཞུགས་མོལ་བརྗེ་རེས་མཛད་དེ། ཅིན་ཅང་ཉམས་མྱོང་གི་ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་ལྡན་པའི་ལག་ལེན་ཐད་ནས་རྒྱུས་ལོན་གཏིང་ཟབ་བྱས།

   དེའི་རྗེས་ལིས་ཀྲན་ཧྲུའུ་ཧྥུའུ་ཀྲིག་གྲོང་ཁྱེར་ཅིན་ཨན་ཆུའུ་དུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། ནན་ཕིང་གྲོང་ཁྱེར་ཀྲིན་ཧི་རྫོང་མེ་ཕོ་སྡེ་བ་རུ་སོང་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། རྒྱུ་ཆས་གསར་བ་དང་ནུས་ཁུངས་གསར་བའི་ཁེ་ལས་དང་དངོས་འབྲེལ་དྲ་རྒྱའི་ཐོན་ལས་རྟེན་གཞི། གཞི་གྲངས་ཆེན་མོའི་ཐོན་ལས་ར་བ་བཅས་སུ་སོང་ནས། སྔོན་གྲས་ཚན་རྩལ་ལ་རྒྱུས་ལོན་བྱས་པ་དང་། རིག་སྟོབས་ཐོན་རྫས་ལ་ལྟ་ཞིབ་བྱས།

   རྟོག་ཞིབ་སྐབས་སུ། ལིས་ཀྲན་ཧྲུའུ་ཡིས་ཧྥུའུ་ཅན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། ཁྲིམས་འཛུགས་བྱ་བའི་རུ་ཁག་གི་དཔུང་སྡེ་འཛུགས་སྐྲུན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་ཞིབ་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། ཀྲིན་ཧི་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་སོང་ནས། རྫོང་དང་ཞང་དམངས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། ཧྥུའུ་ཅན་ཞིང་ཆེན་རིམ་པ་བཞི་བའི་དམངས་ཆེན་གྱི་འགན་ཁུར་བློ་མཐུན་དང་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་གི་བསམ་འཆར་ལ་ཉན། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།