ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་ནས་བསྡུས།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། འདི་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཡང་ན་འགོ་ཁྲིད་པའི་འཐུས་མི། ད་དུང་འབྲེལ་ཡོད་ཨ་ཧྥེ་རི་ཁ་གླིང་ཁུལ་ཁོངས་རྩ་འཛུགས་ཀྱི་འགན་ཁུར་པའི་མཉམ་པར་རེད།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་ནས་བསྡུས།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། འདི་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཡང་ན་འགོ་ཁྲིད་པའི་འཐུས་མི། ད་དུང་འབྲེལ་ཡོད་ཨ་ཧྥེ་རི་ཁ་གླིང་ཁུལ་ཁོངས་རྩ་འཛུགས་ཀྱི་འགན་ཁུར་པའི་མཉམ་པར་རེད།

    གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུ་ཚེས་ཉེར་བདུན་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་ནས་བསྡུས། ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་འཕེལ་རྒྱས་སུ་འགྲོ་བཞི་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཇུས་གཞི་ལ་གྲོས་སྡུར་བྱས་ནས། ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

    ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་འཕེལ་རྒྱས་ཆེན་པོ་དང་བསྒྱུར་བཅོས་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་ལ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ཐུན་མོང་གི་གོ་སྐབས་དང་འགྲན་རྩོད་ལ་འཕྲད་ཡོད་པས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་ནི་སྔར་ལས་གལ་ཆེན་དུ་གྱུར་ཡོད་ཟེར། གཅིག གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་མཉམ་ལས་རྒྱ་བསྐྱེད་ནས། གཉིས་ཕན་གྲོགས་པོའི་འབྲེལ་བ་མཉམ་དུ་ཟབ་སྤེལ་བྱེད་དགོས། གཉིས། གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་མཉམ་ལས་རྒྱ་བསྐྱེད་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་སྔོག་འདོན་བྱེད་དགོས། གསུམ། གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་མཉམ་ལས་རྒྱ་བསྐྱེད་ནས། དགེ་མཚན་ལྡན་པའི་ཕྱིའི་ཁོར་ཡུག་མཉམ་དུ་བསྐྲུན་དགོས། བཞི། གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་མཉམ་ལས་རྒྱ་བསྐྱེད་ནས། རྣམ་པ་གསར་པའི་རྒྱལ་སྤྱིའི་མཉམ་ལས་མཉམ་དུ་འཛུགས་དགོས་ཟེར།

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཡང་བསྐྱར་ཨ་ཧྥེ་རི་ཁ་ལྷོ་མ་ནས་སྤེལ་བར་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཐེངས་འདིའི་གྲོས་མོལ་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ། གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ནི་དུས་རྒྱུན་གྱི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ནས། ཕྱོགས་ཡོངས་སུ་ཁེབས་པ་དང་རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་མཉམ་ལས་ཀྱི་རྣམ་པ་ཆགས་པར་བྱས་ཏེ། མང་ཚོགས་དུང་ཕྱུར་མང་པོར་ཕན་འདོགས་དགོས། མ་འོངས་པར་རྒྱལ་སྤྱིའི་རྣམ་པར་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཀྲུང་གོས་རྣམ་དག་མཛའ་མཐུན་གྱི་འདུ་ཤེས་དང་ཁེ་ཕན་གྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱས་ནས། ཨ་ཧྥེ་རི་ཁ་གླིང་གི་དར་རྒྱས་གོང་འཕེལ་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་མཉམ་དུ། ཀྲུང་གོ་ནི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པའི་གོ་གནས་འགྱུར་མེད། ཀྲུང་གོ་ཇི་ལྟར་འཕེལ་རྒྱས་སུ་སོང་ན་ཡང་། དུས་གཏན་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གཏོགས་པ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ལྷོད་མེད་བྱེད་ངེས་ཡིན་ལ། ཚང་མའི་བར་གྱི་གྲོགས་པོའི་འབྲེལ་བ་དམ་པོ་གོང་འཕེལ་དུ་གཏོང་བར་མུ་མཐུད་འབད་བརྩོན་བྱེད་ངེས་ཡིན། ང་ཚོས་གསེར་གྱོམ་རྒྱལ་ཁབ་ལས་བརྒལ་བའི་མཉམ་ལས་དེ་སྟེགས་བུ་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་འབད་བརྩོན་ལྷོད་མེད་ཀྱིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཐུན་མོང་འཕེལ་རྒྱས་ཁྲོད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

    ཏེན་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་ཚོགས་འདུར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།