ལིས་ཁི་ཆང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་བོད་ལྗོངས་ཉིང་ཁྲི་དང་ལྷོ་ཁ། ལྷ་ས་བཅས་སུ་ཕེབས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་རྟོག་ཞིབ་མཛད་པ་དང་། པར་འདི་ནི་ལིས་ཁི་ཆང་གིས་ཉིང་ཁྲི་གཞིས་ཀ་མོན་པ་སྡེ་བའི་མང་ཚོགས་ལ་འཚམས་འདྲི་བྱེད་ཀྱིན་པའི་ཚུལ་རེད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་བོད་ལྗོངས་ཉིང་ཁྲི་དང་ལྷོ་ཁ། ལྷ་ས་བཅས་སུ་ཕེབས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་རྟོག་ཞིབ་མཛད་པ་དང་། པར་འདི་ནི་ལིས་ཁི་ཆང་གིས་ཉིང་ཁྲི་གཞིས་ཀ་མོན་པ་སྡེ་བའི་མང་ཚོགས་ལ་འཚམས་འདྲི་བྱེད་ཀྱིན་པའི་ཚུལ་རེད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་བོད་ལྗོངས་ཉིང་ཁྲི་དང་ལྷོ་ཁ། ལྷ་ས་བཅས་སུ་ཕེབས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྟོག་ཞིབ་མཛད་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འཚམས་འདྲི་བྱས།

ལིས་ཁི་ཆང་གནམ་གྲུ་ནས་བབས་མ་ཐག་ཉིང་ཁྲི་སྨིན་གླིང་རྫོང་ཤོ་དགའ་སྡེ་བའི་སྡེ་མིའི་ཁྱིམ་དུ་ཕེབས་ནས་སྡེ་མི་ཚོའི་ཡུལ་གཞན་གནས་སྤོར་བྱས་པའི་རྗེས་ཀྱི་འཚོ་བའི་གནས་ཚུལ་ཐད་ནས་རྒྱུས་ལོན་བྱས། ཁོང་གིས་གསུང་རྒྱུར། དབུལ་ཐར་མཁྲེགས་གཏོར་དང་མང་ཚོགས་ཕྱུག་པོར་བསྒྱུར་བ་དང་བོད་ལྗོངས་དར་སྤེལ་གཏོང་ན་གཙོ་བོ་འཕེལ་རྒྱས་ལ་རག་ལས་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། བོད་ལྗོངས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཁྲོད་དམངས་ཚིས་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱེད་དགོས་ཟེར།

ལིས་ཁི་ཆང་ཡར་ཀླུང་གཙང་བོ་དང་ཉི་གཡང་ཆུ་བོའི་འདྲེས་མཚམས་སུ་ཕེབས་ནས། ཆུའི་ཐོན་ཁུངས་སྲུང་སྐྱོབ་ཐད་ནས་ལྟ་ཞིབ་བྱས། ཁོང་གིས་གསུང་རྒྱུར། མཚོ་བོད་མཐོ་སྒང་ནི་ཀྲུང་གོ་དང་ཡཱ་གླིང་གི་ཆུ་གཏེར་ཡིན་པས། སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ཡོངས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ལྷོ་ཁ་གྲོང་ཁྱེར་ཀྱི་བོད་ལྗོངས་དང་སི་ཁྲོན་བར་གྱི་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་ལམ་མཚམས་སུ། ལིས་ཁི་ཆང་གིས་བཟོ་སྐྲུན་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་གསུང་རྒྱུར། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་དེ་བོད་ལྗོངས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ལ། སྒུལ་ནུས་གསར་བ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་པས། བཟོ་སྐྲུན་ཁྱོན་ཡོངས་ནས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར།

བོད་ལྗོངས་མི་དམངས་སྨན་ཁང་དུ། ལིས་ཁི་ཆང་གིས་ནད་པ་དང་སྨན་པའི་བརྗེ་རེས་བྱས། ཁོང་གིས་གསུང་རྒྱུར། བོད་ལྗོངས་ཀྱི་སྨན་བཅོས་ཐོན་ཁུངས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་དཀའ་བས། རྒྱལ་ཁབ་ཀྱིས་སྨན་ཁང་དང་བོད་ལུགས་གསོ་རིག་འཛུགས་སྐྲུན་ཐད་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་ཀྱིན་ཡིན་ཟེར། ཁོས་གིས་སྨན་ཁང་གི་བོད་ལྗོངས་ལ་རོགས་སྐྱོར་བྱེད་མཁན་་གྱི་མི་སྣས་མུ་མཐུད་དུ་བོད་ལྗོངས་ཀྱི་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུས་ནས། ས་གནས་ལ་མཁོ་བའི་སྨན་བཅོས་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཟེར།

ལས་སྐྲུན་རྟེན་གཞི་རུ། ལིས་ཁི་ཆང་གིས་གཏོད་མཁན་ཚོ་དང་བརྗེ་རེས་བྱས། ཁོང་གིས་བོད་ལྗོངས་སུ་གསར་གཏོད་གཉིས་ཀྱི་བྱ་བ་སྤེལ་ན། སྤུས་ཚད་མཐོ་བའི་ཁ་ཕྱོགས་སུ་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། བོད་ལྗོངས་ཀྱི་ན་གཞོན་ཚོས་ལས་སྐྲུན་བྱས་པ་དེས། ལས་ཀར་ཞུགས་དུས་ཐོག་མར་ལས་ཁུངས་སུ་ལས་ཞུགས་བྱེད་པའི་འདུ་ཤེས་བསྒྱུར་བ་དང་། ཚོང་རའི་གསོན་ཤུགས་མངོན་པར་བྱས། རྒྱལ་ཁབ་ཀྱིས་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་ནས། བོད་ལྗོངས་ཀྱི་ལག་རྩལ་བཟོ་བའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ངེས་པར་མཁོ་བའི་རྩལ་ནུས་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།

ལྷ་ས་གཙུག་ལག་ཁང་དུ། དགེ་བཤེས་དང་དགེ་འདུན་པ་ཚོས་ལིས་ཁི་ཆང་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས། ཁོང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་གནའ་ནས་ད་བར་དུ་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་གྲུབ་ཆ་གཅིག་ཡིན་པས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འགྲིག་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་བྱས་རྗེས་འཇོག་དགོས་ཟེར། ཕོ་བྲང་པོ་ཏ་ལ་རུ། ལིས་ཁི་ཆང་གིས་རིག་དངོས་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་མཛད་པ་མ་ཟད། རྒྱལ་ཁབ་ཀྱིས་ལོ་རྒྱུས་ཡིག་ཚོགས་རྩ་ཆེན་ཐད་ཀྱི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིག་གནས་རྒྱུད་སྒྲོག་དང་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།

ལིས་ཁི་ཆང་གིས་ཆེད་དུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རག་སྡུས། བྱམས་པ་ཕུན་ཚོགས། ལེགས་མཆོག པ་སངས་སོགས་བློ་མཐུན་རྒན་པར་འཚམས་འདྲི་མཛད་པ་དང་། ཁོ་ཚོས་བོད་ལྗོངས་འཕེལ་རྒྱས་དང་གཏན་འཇགས། མེས་རྒྱལ་འཛུགས་སྐྲུན་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་མཐོན་པོ་བྱས།

ལིས་ཁི་ཆང་གིས་བོད་ལྗོངས་ཀྱིས་ཉེ་བའི་ལོ་འགའི་རིང་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བོད་ལྗོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག ཏང་གི་བོད་སྐྱོང་ཇུས་གཞི་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

ཞོ་ཅིའེ་ཡིས་མཉམ་དུ་ལྟ་ཞིབ་མཛད། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།