ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁའི་ཙུང་ཐུང་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏིས་ནཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ནས། ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏཱ་ཉི་ལའོ.མེ་ཏིས་ནཱ.སང་ཆེ་སི་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་བྱེད་བཞིན་ཚུལ་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏིས་ནཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ནས། ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏཱ་ཉི་ལའོ.མེ་ཏིས་ནཱ.སང་ཆེ་སི་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་བྱེད་བཞིན་ཚུལ་རེད།

   ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏིས་ནཱ་དང་གྲོས་མོལ་མཛད།

   ཞི་ཅིན་ཕིང་གིས་བསྟན་དོན། ལོ་ཕྱེད་ཀྱི་སྔོན་ལ། སྐུ་ཞབས་ཙུང་ཐུང་གིས་འཐབ་ཇུས་ཀྱི་མིག་རྒྱ་ཆེན་པོ་དང་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་བ་འཛུགས་པའི་གྲོས་གཞི་བཏོན་པ་དང་། ཁྱེད་ཀྱིས་ཐག་གཅོད་དེ། དུས་རབས་ཀྱི་འཕེལ་ཕྱོགས་དང་ལོ་རྒྱུས་ཀྱི་དགོས་ངེས་དང་མཐུན་པ་དང་། ཀྲུང་གོའི་གྲོགས་པོ་དུང་ཕྱུར་བཅུ་གསུམ་ལྷག་སྒྲིག་ལ། ཀྲུང་གོ་མི་དམངས་ཀྱིས་ཁྱེད་ལ་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་འབྲེལ་བ་བཙུགས་ནས་དུས་ཡུན་མང་པོ་འགོར་མེད་ན་ཡང་། ང་ཚོའི་སེམས་སྔ་མོ་ནས་གཅིག་ཏུ་འདྲེས་ཡོད། ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་འབྲེལ་བ་བཙུགས་རྗེས། ཀྲུང་གོར་ཕན་ཚུན་བརྩི་མཐོང་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས་བྱེད་པའི་གྲོགས་པོ་བཟང་བོ་ཞིག་ཡོད་པར་གྱུར། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁ་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཏོ་སྨི་ནི་ཁའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་བཟང་བོ་དེ་གྲུབ་འབྲས་དངོས་སུ་བསྒྱུར་བ། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་དང་བདེ་སྐྱིད་ཇེ་དྲག་ཏུ་གཏོང་འདོད་ཡོད། ལོ་རྒྱུས་དང་དོན་དངོས་ལས་ཀྲུང་གོ་དང་ཏོ་སྨི་ནི་ཁའི་བར་འབྲེལ་བ་འཛུགས་པའི་ཐག་གཅོད་ནི་ཧ་ཅང་ཡང་དག་པ་ར་སྤྲོད་བྱེད་ཐུབ་ཟེར།

   ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཏོ་སྨི་ནི་ཁ་བར་འབྲེལ་བ་བཙུགས་པའི་ལོ་ཕྱེད་ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་རྒྱ་ཆེ་བའི་མདུན་ལྗོངས་ངོམས་ཡོང་ལ། ཕྱོགས་གཉིས་ཀྱིས་གོང་རིམ་གྱི་འཆར་འགོད་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཏོ་སྨི་ནི་ཁའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིངས་དགོས། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྣེ་ཁྲིད་བྱེད་དགོས། ཁེ་ལས་ཀྱི་གཙོ་གཞི་དང་སྲིད་གཞུང་གི་མཛུབ་སྟོན། ཚོང་རའི་འཁོར་རྒྱུག གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལ་དམིགས་ནས། ཧུར་ཐག་གིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་དངུལ་རྩ། དངུལ་གཏོང་། གནས་སྐོར། དམངས་གཉེར་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་དགོས། སྐུ་ཞབས་ཙུང་ཐུང་ང་དང་མཉམ་དུ་ཀྲུང་གོའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་དང་པོ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་དགའ་བསུ་བྱེད་པ་དང་། ཏོ་སྨི་ནི་ཁ་ཕྱོགས་ཀྱིས་སྟེགས་བུ་དེ་བཀོལ་སྤྱོད་བཟང་བོ་བྱས་ནས་རང་རྒྱལ་གྱི་ཐོན་རྫས་ངོ་སྤྲོད་བྱེད་པར་དགའ་བསུ་བྱེད་ཀྱིན་ཡོད། མི་གཞུང་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་དབྱང་ནས་ས་གནས་དང་། སྲིད་གཞུང་ནས་ཁྲིམས་འཛུགས་ལས་ཁུངས། དཔོན་ཕྱོགས་ནས་དམངས་ཁྲོད་བར་གྱི་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཏོ་སྨི་ནི་ཁའི་མཉམ་ལས་ལ་ཕན་པ་ཡོད་པའི་ཐུན་མོང་གི་ལྟ་བ་གྲུབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁའི་བར་དུ་མི་ཤུགས་ཐོན་ཁུངས་གསོ་སྦྱོང་དང་ལུས་རྩལ་སོགས་ཕྱོགས་ཀྱི་མཉམ་ལས་སྤེལ་བ་མ་ཟད། ཏོ་སྨི་ནི་ཁའི་ཕྱོགས་ལ་སྨན་བཅོས་རུ་ཁག་མངག་གཏོང་བྱེད་འདོད་ཡོད། རྒྱལ་སྤྱིའི་ལས་དོན་ཐད་ཀྱི་མཐུན་སྦྱོར་སྤེལ་ནས། མཉམ་དུ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྤྱི་ཁོག་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

   མེ་ཏིས་ནཱ་ཡིས་བསྟན་དོན། ཏོ་སྨི་ནི་ཁ་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་དུས་ཡུན་རིང་བོ་འགོར་མེད་ན་ཡང་། ཏོ་སྨི་ནི་ཁའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་མཛའ་བརྩེ་ཟབ་མོ་བཅིངས་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད། ཏོ་སྨི་ནི་ཁ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་དེ་ཏོ་སྨི་ནི་ཁའི་རང་སྟེང་གི་ཁེ་ཕན་དང་མཐུན་པ་དང་། ཏོ་སྨི་ནི་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་དང་དམ་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག ཀྲུང་གོའི་ཕྱོགས་བར་དཔལ་འབྱོར་ཉོ་ཚོང་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས། གློག་ཤུགས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བར་རེ་སྒུག་བྱས་ཡོད། ཏོ་སྨི་ནི་ཁ་ཡིས་ཀྲུང་གོ་དང་མཉམ་དུ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

   གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

   དབྱང་ཅེ་ཁྲི་དང་ཝང་དབྱི། ཧྭི་ལིས་ཧྥུན་བཅས་གྲོས་མོལ་ལ་ཞུགས།

   གྲོས་མོལ་སྔོན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ནས། ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏཱ་ཉི་ལའོ.མེ་ཏིས་ནཱ.སང་ཆེ་སི་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་བྱས།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝན་ཨི་ཞང་། རྒྱལ་སྲིད་ཨུ་ཡོན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་པེན་དང་ཧྭི་ལིས་ཧྥུན་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་དབྱི་ལང་ཉིང་རྡུལ་གནད་དོན་རྒྱལ་ཁབ་དྲུག་ལམ་ལུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སུ་ཞུགས།

ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡུས་ཀྲིན་ཧྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།

ཧྲིན་ཀྲང་ཧའོ་ཕིན་གྱི་མངག་བཅོལ་ལྟར། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་ཟིར་སོང་ནས་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས།